མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆོས་ལུགས་བརྗོད་གཞིའི་བཞུགས་མོལ་ཚོགས་འདུ་འཚོགས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་27ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཝང་དབྱང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་།
    ཟླ་11ཚེས་26ཉིན། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཆོས་ལུགས་བརྗོད་གཞིའི་ངོས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། “སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་ལྟ་བས་ཆོས་ལུགས་ཁག་གི་ཆོས་ཀྱི་དགོངས་པར་དུས་རབས་དང་མཐུན་པའི་འགྲེལ་བཤད་དགོས་པའི་སྣེ་ཁྲིད་”བྱེད་ཕྱོགས་སྐོར་གྱི་བགྲོ་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་། ཁོང་གིས་ཆོས་ལུགས་ཀྱི་ཆོས་ཁྲིམས་སྒྲིག་ཁྲིམས་ཀྱི་འགྲེལ་བ་ནི་ཁ་ཕྱོགས་དང་རྩ་བར་དོ་དམ་བྱ་བའི་རྨང་གཞི་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ། ཆོས་ལུགས་ཁག་རང་ཉིད་བདེ་ཐང་ངང་འཕེལ་བའི་བླང་བྱའང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་གྱི་བརྗོད་དོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། རྒྱུད་འཛིན་དང་གསར་གཏོད་གཅིག་གྱུར་རྒྱུན་བསྐྱངས་ཏེ། ཞིབ་འཇུག་དང་ཉེར་སྤྱོད་འབྲེལ་བ་རྒྱུན་སྐྱོང་དགོས་པར་བསྟན། ཆོས་ལུགས་ལས་རིགས་ཀྱི་ཡུལ་གཙོའི་ནུས་པ་འདོན་རྒྱུ་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། ཆོས་ཁྲིམས་སྒྲིག་ཁྲིམས་ལ་འགྲེལ་བཤད་ཡག་པོ་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་ཆོས་ལུགས་ཀྱི་བསམ་བློ་མ་ལག་ཅིག་གྲུབ་པར་བྱེད་ཅིང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པའི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས་པ་བརྗོད། 
    ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དང་ཆེད་མཁས་པ། གཞི་རིམ་ཆོས་ལུགས་མི་སྣ་16གིས་ཆོས་ཁྲིམས་སྒྲིག་ཁྲིམས་འགྲེལ་བའི་སྐོར་ནས་ཉམས་མྱོང་དང་མྱོང་ཚོང་བརྗོད་ཅིང་། ལས་ཀའི་བསམ་འཆར་ཡང་བཏོན། ཚང་མའི་བསམ་ཕྱོགས་ལ། ཕུལ་བྱུང་གི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བཏང་བའི་རྨང་གཞིའི་ཐོག སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་གོང་འཕེལ་གྱི་བླང་བྱ་གཉིས་ཟུང་འབྲེལ་བྱས་ནས། ཆོས་ལུགས་ཀྱི་ཆོས་ཁྲིམས་སྒྲིག་ཁྲིམས་ལ་འགྲེལ་བཤད་གསར་པ་བྱ་བ་ནི་ཆོས་ལུགས་ཀྲུང་གོ་ཅན་དང་། དེང་རབས་ཅན་དུ་གཏོང་བའི་ལོ་རྒྱུས་ཀྱི་གདམ་ཀ་ཞིག་ཡིན་ཞིང་། ཆོས་ལུགས་ལས་རིགས་ཀྱིས་རང་ཉིད་ཀྱི་དད་མོས་ལ་འགན་ཁུར་པའི་མཚོན་རྟགས་ཤིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱི་ཆོས་ལུགས་ལས་རིགས་ཀྱིས་འབད་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ལག་བསྟར་བྱས་ནས། ཆོས་ཁྲིམས་སྒྲིག་ཁྲིམས་ཐད་ལ་ཕན་ཐོགས་ལྡན་པའི་འཚོལ་ཞིབ་འབོར་ཆེན་བྱས་པ་དང་། གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད། ཡིན་ནའང་། གྲུབ་འབྲས་ཁ་འཐོར་དང་། འགྲེལ་བཤད་མ་ལག་གཏིང་ཟབ་མེད་པ། ཆུ་ཚད་མཐོན་པོའི་ཆོས་ལུགས་མི་སྣ་མི་འདང་བ་སོགས་ཀྱི་གནད་དོན་ལུས་པས། དེའི་ཐད་ལ་མཐོང་ཆེན་བྱ་དགོས་པར་བཤད།  

  
style="display:none;"