མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་ཚོགས་པ་ཚད་ཡོད་ཀུང་སི་
བཙུགས་པར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་11ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཧན་ཀྲེང་ཚོགས་པ་ཀུང་སི་བཙུགས་པའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་9ཉིན་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་ཚོགས་པ་ཚད་ཡོད་ཀུང་སི་བཙུགས་པ་ནི་རྡོ་སྣུམ་རང་བྱུང་སོལ་རླངས་ལས་རིགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྡོ་སྣུམ་རང་བྱུང་སོལ་རླངས་བདེ་འཇགས་དང་བརྟན་པོའི་ངང་མཁོ་སྤྲོད་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཚོགས་པ་ཀུང་སི་བཙུགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་གཉེར་སྐྱོང་དོ་དམ་མ་ལག་འཛུགས་པ་བཅས་བྱས་ཏེ་སྣེ་གཉིས་ལྷུག་ཏུ་བཏང་ནས་དྲང་བཞག་འགྲན་རྩོད་ཀྱི་སྟོད་རྒྱུད་ཐོན་ཁུངས་མཁོ་སྤྲོད་དང་སྨད་རྒྱུད་ཕྱིར་ཚོང་ཁྲོམ་ར་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་རྡོ་སྣུམ་རང་བྱུང་སོལ་རླངས་ཐོན་ཁུངས་ཀྱི་བཀོད་སྒྲིག་ལས་ཕྱོད་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མི་དམངས་ཀྱི་དགོས་མཁོར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་ཞེས་བསྟན་གནང་ཡོད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་པ་ཀུང་སི་བཙུགས་པའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
    ཧན་ཀྲེང་གིས་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་ཀུང་སི་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྡོ་སྣུམ་རང་བྱུང་སོལ་རླངས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་དང་རྒྱལ་ཁབ་ཀྱི་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དེ་རྡོ་སྣུམ་རང་བྱུང་སོལ་རླངས་ཐོན་ཁུངས་ཀྱི་བཀོད་སྒྲིག་ལས་ཕྱོད་ཆེ་རུ་གཏོང་བ་དང་། རྡོ་སྣུམ་རང་བྱུང་སོལ་རླངས་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།     རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་སྟོད་རྒྱུད་དུ་རྡོ་སྣུམ་སོལ་རླངས་ཐོན་ཁུངས་ཀྱི་བྱེད་པོ་མང་བ་དང་ཐབས་ལམ་མང་བའི་མཁོ་སྤྲོད་དང་། བར་རྒྱུད་དུ་གཅིག་གྱུར་གྱིས་མདོང་དྲ་ནུས་ཆེ་གཅིག་སྡུད་དབོར་འདྲེན་བྱེད་པ། སྨད་རྒྱུད་དུ་ཕྱིར་ཚོང་ཁྲོམ་རས་འགྲན་རྩོད་གང་ལེགས་བྱེད་པའི་རྡོ་སྣུམ་སོལ་རླངས་ཁྲོམ་རའི་མ་ལག་གི་དམིགས་ཚད་ལ་གཞིགས་ཏེ་སྐུལ་འདེད་བཏང་ནས་རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་མདོང་དྲ་ཀུང་སི་ཡག་པོ་བསྐྲུན་པ་དང་། དོ་དམ་ཡག་པོ་བྱེད་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     ཧན་ཀྲེང་གིས་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་མཐོང་ཆེན་བྱས་ནས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། གཞོགས་འདེགས་དམ་ཟབ་བྱེད་པ། མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ནས་རྡོ་སྣུམ་སོལ་རླངས་མདོང་དྲའི་གཉེར་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དམག་འཐབ་དྲག་པོ་འདི་ཡག་པོ་རྒྱག་དགོས། འབྲེལ་ཡོད་རྡོ་སྣུམ་སོལ་རླངས་ཁེ་ལས་དང་མདོང་དྲ་ཀུང་སིས་སྦྲེལ་མཐུད་དམ་ཟབ་བྱས་ནས་རྡོ་སྣུམ་སོལ་རླངས་ཐོན་སྐྱེད་དང་། དབོར་འདྲེན། ཕྱིར་ཚོང་། གསོག་འཇོག ཉོ་ཚོང་བཅས་ཀྱི་མཐུན་སྦྱོར་འཁོར་སྐྱོད་ལམ་སྲོལ་བཙུགས་ཏེ་སྒྱུར་བཅོས་དང་ཐོན་སྐྱེད་གཉེར་སྐྱོང་ཕྱོགས་གཉིས་ཀར་དམ་འཛིན་དང་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས། ས་གནས་ཀྱི་མདོང་དྲས་ཁྲོམ་ར་ཅན་གྱི་བྱེད་སྟངས་ལ་བརྟེན་ཏེ་རྒྱལ་ཁབ་ཀྱི་མདོང་དྲ་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། མདོང་དྲ་ཀུང་སིས་འགན་འཁྲི་དང་བྱེད་པོ་གཙོ་བོར་དམིགས་ནས་རྡོ་སྣུམ་སོལ་རླངས་དབོར་འདྲེན་ལས་སྒོར་བློ་རྩེ་གཅིག་ཏུ་གཞོལ་བ་དང་། སྒོ་དབྱེ་ཁ་གསལ་དང་རོགས་ལས་གཉིས་ཕན་མཐའ་འཁྱོངས་བྱས་ནས་གཉེར་སྐྱོང་ཕུལ་བྱུང་དང་ཞབས་ཞུ་འཐུས་སྒོ་ཚང་བའི་མདོང་དྲའི་ལས་སྟེགས་བསྐྲུན་གང་ཐུབ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
     ཝང་ཡུང་དང་ཧོ་ལི་ཧྥུང་ཚོགས་པ་ཀུང་སི་བཙུགས་པའི་ཚོགས་ཆེན་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

  
style="display:none;"