མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་2020ལོའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་
བཀོད་དེ། དམག་ཡོངས་ལ་དམག་སྦྱོང་འགོ་འཛུགས་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་04ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་2020ལོའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་དེ་དམག་ཡོངས་ལ་དམག་སྦྱོང་འགོ་འཛུགས་རྒྱུའི་སྐུལ་སློང་བཀའ་རྒྱ་བཏང་གནང་བ་གཤམ་གསལ།
    2020ལོར། དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར། དམག་ཞུགས་དམག་རྒྱག་དང་། དམག་ཁྲིད་དམག་རྒྱག དམག་སྦྱོང་དམག་རྒྱག་བཅས་ཀྱི་བསམ་བློ་ཤུགས་ཆེར་གཏོང་བ། སྟོབས་ཆེའི་དགྲ་བོ་དང་ཁ་གཏད་ལ་དམིགས་པ། དམག་འཐབ་དངོས་ཀྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ནན་པོ་བྱེད་པ། ཚད་མཐོའི་འགོག་ཟོན་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་བསྐོངས་ན་འཛོམས་ཐུབ་པ་དང་། འཛོམས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།
     དམག་འཐབ་དངོས་ཀྱི་སྦྱོང་བརྡར་འབུར་དུ་ཐོན་པ་བྱེད་དགོས། དམག་འཐབ་ལས་འགན་དང་། དམག་འཐབ་ཁ་གཏད། དམག་འཐབ་ཁོར་ཡུག་བཅས་ལ་ཞིབ་འཇུག་མཐར་ཕྱིན་པ་བྱེད་པ། དམིགས་འབེན་དངོས་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། འགན་འཁྲིའི་སློབ་གཞིར་ཆེད་སྦྱོང་ཞིབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་འཕྲལ་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་ལྡན་ངང་ཉམས་འགྱུར་གསར་བཞེངས་དང་། ཉམས་ཉེན་ལ་དོ་དམ་ཚོད་འཛིན། དམག་འཁྲུག་བཀག་འགོག དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་བཅས་བྱེད་དགོས།
     སྒྲིག་གཞིའི་དམག་སྦྱོང་འབུར་དུ་ཐོན་པ་བྱེད་དགོས། མཉམ་འབྲེལ་བཀོད་འདོམས་སྦྱོང་བརྡར་ཤུགས་ཆེར་གཏོང་བ་དང་། དམག་རིགས་ཕན་ཚུན་བར་མཐུན་རྐྱེན་བསྐྲུན་ནས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་གསར་པ་དང་སྟོབས་ཤུགས་གསར་པ་དམག་འཐབ་སྒྲིག་གཞིའི་སྦྱོང་བརྡར་ནང་ཞུགས་ཚད་ཆེ་རུ་གཏོང་བ། དམག་དཔུང་དང་ས་གནས་མཉམ་དུ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། སྦྱོང་བརྡར་དངོས་ཀྱི་ནང་ཚན་རྩལ་འདུས་ཚད་མཐོ་རུ་གཏོང་བ། དམག་གྲབས་སྐུལ་སློང་ནུས་པ་ཆེ་རུ་གཏོང་བ། མ་ལག་གི་དམག་འཐབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
     འགྲན་རྒོལ་ཞིབ་དཔྱད་འབུར་དུ་ཐོན་པ་བྱེད་དགོས། བཀོད་འདོམས་འགྲན་རྒོལ་དང་། དམག་མི་དངོས་ཀྱི་འགྲན་རྒོལ། མ་ལག་གི་འགྲན་རྒོལ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགྲན་རྒོལ་བྱ་ཐབས་གསར་གཏོད་བྱེད་པ། ཞིབ་དཔྱད་དཔྱད་དཔོག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། དམག་འཐབ་གོ་དོན་དང་། དམག་འཐབ་ཇུས་གཞི། དམག་འཐབ་བཀོད་འདོམས། དམག་འཐབ་སྟོབས་ཤུགས། དམག་འཐབ་འགན་ལེན་བཅས་ལ་དོན་དངོས་ཀྱི་ཞིབ་དཔྱད་བྱས་ཏེ་དམག་གྲབས་ལས་དོན་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
    རྨང་གཞི་བརྟན་དུ་གཏོང་རྒྱུ་འབུར་དུ་ཐོན་པ་བྱེད་དགོས། རྩ་གནད་ལྟར་སྦྱོང་བརྡར་ནན་པོ་བྱེད་དགོས་པ་དང་། དཔྱད་དཔོག་དཔྱད་ཞིབ་ནན་པོ་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ། འགན་ལེན་ཆ་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་རང་བཞིན་གྱི་དམག་སྦྱོང་ལ་དམ་འཛིན་བྱེད་པ། དམག་མི་སྒེར་དང་གོ་མཚོན་ཡོད་རིགས། དམག་འཐབ་རྒྱུ་རྐྱེན་ཡོད་རིགས་བཅས་ལ་གནད་འཕིགས་སྦྱོང་བརྡར་ཐུབ་པ་བྱས་ཏེ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ནུས་པ་དང་རྨང་གཞི་བརྟན་དུ་གཏོང་དགོས།
    སྤྱོད་ཚུལ་ཞུན་བརྡར་འབུར་དུ་ཐོན་པ་བྱེད་དགོས། དམག་འཐབ་དངོས་ཀྱི་དགོས་མཁོར་གཞིགས་ནས་དཔུང་སྡེར་སྦྱོང་བརྡར་ནན་པོ་བྱེད་དགོས་པ་དང་། གཅིག་ནས་དཀའ་ངལ་ལ་མི་འཛེམས་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པའི་དམག་འཐབ་སྙིང་སྟོབས་དར་སྤེལ་བཏང་སྟེ། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ་དང་། དགྲ་བོ་མཐའ་དག་ཚར་གཅོད་ཕོད་པ་བྱས་ཐོག་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པ་བཅས་རེད། 

  
style="display:none;"