མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཡུག་རེན་གྱི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་པའི་ཐད་ཡུག་རེན་གྱི་ཙུང་ཐུང་ཙེ་
ལེན་སི་ཅི་དང་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་རྣམ་གཉིས་ལ་ཁག་སོ་སོར་སེམས་
གསོའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་11ཉིན། 11:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་1ཚེས་9ཉིན་ཡུག་རེན་གྱི་འགྲུལ་སྐྱེལ་གནམ་གྲུ་ཐེ་ཧེ་རན་དུ་ལྷུངས་པའི་ཐད་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་རྣམ་གཉིས་ལ་ཁག་སོ་སོར་སེམས་གསོའི་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས་སེམས་གསོའི་གློག་འཕྲིན་ནང་། ཡུག་རེན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཐེ་ཧེ་རན་དུ་ལྷུངས་ནས་འགྲུལ་པ་དང་གནམ་གྲུའི་ནང་གི་ལས་མི་ཚང་མ་རྐྱེན་ལམ་དུ་ཤོར་བ་ཤེས་སྐབས། ང་རང་ནས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་དང་ང་རང་མི་སྒེར་གྱི་མིང་ཐོག་ནས་རྒྱལ་ཁབ་ཁག་གི་རྐྱེན་ལམ་དུ་ཤོར་བའི་མི་སྣར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། 

  
style="display:none;"