མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་
ཐོག་གི་གསུང་བཤད་གལ་ཆེན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་15ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་1ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

འདི་ནི་ཟླ་1ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ། 

    ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་ནན་བཤད་གནང་དོན། སྔ་ཕྱི་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་དབང་ཆ་སྤྱོད་ཚུལ་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་འགན་ལེན་བརྟན་པོ་བྱེད་དགོས།
     ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་དང་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། སྔ་ཕྱི་བར་གསུམ་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆ་སྤྱོད་ཚུལ་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་འགན་ལེན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྔར་ན་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ་དང་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་གང་ཅི་དང་གཏིང་ཟབ་པའི་ཤུགས་རྐྱེན་ཡང་ཐེབས་ཡོད། ང་ཚོས་རླབས་ཆེའི་རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེའི་སྤྱི་ཚོགས་ཀྱི་གསར་བརྗེར་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ཁྱབ་ཁོངས་ཁག་གཅིག་གི་ཏང་གི་འགོ་ཁྲིད་ཞན་འགྱུར་དང་། ཏང་འཛུགས་སྐྱོང་མི་འདང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་ཤུགས་མི་འདང་བ་བཅས་ཀྱི་རྣམ་པ་མཐའ་གཅིག་ཏུ་སྒྱུར་ཐབས་བྱས་པ་བཅས་ཀྱི་ཐོག་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱས་ཡོད། ང་ཚོས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་སྣེ་ཁྲིད་པའི་ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་བྱས་ཤིང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལམ་ལུགས་བཙུགས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་རྒྱུ་དང་། མི་དམངས་ལ་སློབ་གསོ་གཏོང་རྒྱུ། ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། སློབ་སྦྱོང་སློབ་གསོ་དེ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། མཉམ་དུ་ཀྲུང་གོའི་ཕུགས་འདུན་གཏོད་པའི་ཕུགས་བསམ་དང་དད་སེམས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། ང་ཚོས“སྲུང་སྐྱོང་གཉིས”ལ་བརྟེན་ནས་ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གིས་གལ་ཆེའི་ལས་དོན་ལ་འགོ་ཁྲིད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཅིག་གྱུར་གྱི་བློ་སྟོབས་དང་བྱ་སྤྱོད་ལ་བརྟེན་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ང་ཚོས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ལ་བརྟེན་ནས་ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་གཅིག་ཏུ་བསྒྲིལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་དང་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་ཕན་མེད་རྒྱུ་རྐྱེན་མཐའ་གཅིག་ཏུ་སེལ་བ། དམངས་ཆེད་སྲིད་འཛིན་དང་དམངས་བརྟེན་སྲིད་སྐྱོང་གི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཡོད།
    ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཡུན་རིང་སྲིད་སྐྱོང་གི་ཆ་རྐྱེན་འོག་རང་ངོས་ཀྱི་གནད་དོན་ཐག་གཅོད་དང་ལོ་རྒྱུས་ཀྱི་དུས་འཁོར་ཆོས་ཉིད་ལས་མཆོང་སྐྱོད་ཐུབ་པའི་ལེགས་གྲུབ་ལྡན་པའི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ནས། སྤྱོད་གོ་ཆོད་པའི་དབང་ཆ་ལྟ་སྐུལ་ལམ་ལུགས་དང་སྒྲིག་བསྟར་ཁྲིམས་བསྟར་གྱི་མ་ལག་ཆ་ཚང་ཞིག་བསྐྲུན་ཡོད། ལམ་བུ་དེ་དང་ལམ་ལུགས་དེ་ངེས་པར་དུ་དུས་ཡུན་རིང་པོ་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་ཀྱང་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། སྒྲིག་བཤེར་ལྟ་ཞིབ་འཐབ་ཕྱོགས་ཀྱིས་འབྲེལ་ཡོད་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ལྟ་སྐུལ་འགན་སྲུང་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པ་དང་འབྲེལ། སྲ་བརྟན་དུའང་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་གྱིས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལྷག་དོན་དུ་འདི་ལོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ལས་འགན་ལ་དམིགས་ཏེ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་ཁག་ཏང་རྩ་འཛུགས་ཀྱིས་དམག་ཧྲག་གཡུལ་འདྲེན་དང་ལས་དོན་སྒྲུབ་མཁས་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་བྱས་ཏེ་གཞི་རིམ་ཏང་གི་འགོ་ཁྲིད་དང་ལྟ་སྐུལ་ཟོལ་འགྱུར་དང་ཞན་འགྱུར་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། འགན་འཁྲི་འཁུར་བ་དང་། འགན་འཁྲི་སྲུང་བ། འགན་འཁྲི་གཙང་སྒྲུབ་བཅས་ཏང་རྩ་འཛུགས་ཚང་མ་དང་ལས་གནས་ཚང་མ་ནས་མངོན་པར་བྱེད་དགོས། དབང་ཆ་དེ་ཉིད་ཡང་དག་པའི་ལམ་བུའི་ཐོག་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་ཐབས་ཇུས་ཚན་རིག་དང་མཐུན་པ་དང་། ལག་བསྟར་མཐར་ཕྱིན་པ། ལྟ་སྐུལ་ནུས་པ་དང་ལྡན་པ་བཅས་ཀྱི་དབང་ཆ་སྤྱོད་པའི་ལམ་སྲོལ་ཞིག་ཆགས་པ་བྱས་ནས་གཞུང་དྲང་དབང་སྤྱོད་དང་། ཁྲིམས་ལྟར་དབང་སྤྱོད། སྤྱོད་གཙང་དབང་སྤྱོད་བཅས་ཡོང་བར་ལྟ་སྐུལ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། ཕུལ་བྱུང་གི་སྤྱོད་ཚུལ་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་དང་། ལམ་ལུགས་ཀྱི་ཕྱོགས་སྟོན་གསལ་པོ་བརྒྱུད། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་རྐང་ལག་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱ་དང་དེ་བཞིན“གཡོ་ཇུས”ནས་སྒྲོལ་བར་བྱས་ཏེ། དམ་པ་དོན་གཉེར་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་ཞིག་ཆགས་པར་བྱེད་དགོས། གཙོ་ཆེའི་ལས་དོན་དང་གཙོ་གནད་འཐབ་རྩོད་ཀྱི་འཐབ་ས་དང་པོར་ལས་བྱེད་པ་གསོ་སྐྱོང་བྱེད་པ་དང་ལས་བྱེད་པར་ཞུན་བརྡར་སྤྲས་ཏེ། ལས་བྱེད་པ་བཟང་པོ་འཚར་ལོངས་ཡོང་བ་དང་གཟེངས་སུ་ཐོན་པར་བྱེད་དགོས། ས་ཁུལ་དབུལ་པོའི་མང་ཚོགས་ཀྱིས་གླེང་མང་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་ཡག་པོ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་གནད་སྨིན་བཅོས་སྒྲིག་བྱས་ནས་དབུལ་སྒྲོལ་ལས་དོན་གྱི་གྲུབ་འབྲས་དང་ལྷག་དོན་དུ་རྫོང་དབུལ་པོའི་དབུལ་ཞྭ་འབུད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི“རུལ་སུངས་ཆུང་ཙག”དང་། ནག་གཤེད་ཕྱོགས་གཏོགས་ལ་བག་མེད་འགེབས་སྲུང་བྱེད་མཁན་གྱི“སྲུང་གདུགས”རྒྱབ་རྩ། དམངས་ཕན་སྲིད་ཇུས་དོན་འཁྱོལ་ལ་འགོག་རྐྱེན་བཟོ་མཁན་གྱི“བཀག་རྡོ”བཅས་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་ཞིག་ཡོང་བ་བྱེད་དགོས།
      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “སྟག་སྦྲང་མཉམ་རྡུང”བྱེད་རྒྱུ་མུ་མཐུད་མཐའ་འཁྱོངས་ཀྱིས། མཚམས་དང་ཚོད་མེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས་ཤིང་། ང་ཚོས་རུལ་བསླད་དང་རུལ་བསླད་ལ་ངོ་རྒོལ་གྱི་འཐབ་རྩོད་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་གསལ་པོ་ཤེས་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ཤེས་པར་བྱས་ཏེ། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་དང་རུལ་སུངས་བཅོས་སྒྲིག་གི་ནུས་པ་ཆེ་རུ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་མཚམས་དང་ཚོད་མེད་པ་དང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་བྱེད་པར་འགལ་རྐྱེན་ཚབས་ཆེན་བཟོས་པ་དང་ཏང་གི་སྲིད་སྐྱོང་རྨང་གཞིར་གནོད་འཚེ་ཚབས་ཆེན་བཟོས་པའི་རུལ་སུངས་ཀྱི་གནད་དོན་ངེས་པར་དུ་ཐག་གཅོད་ནན་པོ་དང་ཆད་གཅོད་ཚ་ནན་བྱེད་དགོས། ཉེན་ཁ་སྣ་ཚོགས་རྒྱབ་ཀྱི་རུལ་སུངས་ཀྱི་གནད་དོན་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཐོན་ཁུངས་དང་གཞུང་ཁོངས་ཀྱི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ས་གནས་ཀྱི་བུ་ལོན་ཉེན་ཁའི་ཁྲོད་གནས་པའི་རུལ་སུངས་ཀྱི་གནད་དོན་ཞིབ་གཅོད་བྱེད་དགོས། སྨན་བཅོས་སྒྲིག་གཞིའི་ཕྱི་ནང་ངན་འབྲེལ་གྱིས་སྨན་བཅོས་འགན་བཅོལ་ཁ་བསླུས་རྒྱག་པའི་བྱེད་སྤྱོད་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་ཕུགས་ཕན་གྱི་ལྟ་འདོམས་ལམ་སྲོལ་བཟོ་བ་དང་དེར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁོངས་ཕྱིའི་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ངེས་ཤུགས་རྒྱུན་འཁྱོངས་དང་གོམ་པ་གང་ཡང་ཕྱི་བཤོལ་མི་བྱེད་པར་གནད་དོན་རྙིང་པ་བསྐྱར་དུ་ཐོན་པ་དང་། གནད་དོན་གསར་པ་ཐོན་པ། གནད་དོན་ཆུང་ངུ་ཆེ་རུ་འགྲོ་བ་བཅས་གཏན་འགོག་བྱེད་དགོས། རིམ་པ་ཁག་གི“འགོ་ཁྲིད་གཙོ་བོར”ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འགན་བཞེས་ཟུར་གཡོལ་དང་། དུས་བཀག་ལས་རེས། ལས་བྲལ་རྩིས་བཤེར་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཡག་པོ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་ཤིང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་མཛད་ཕྱོགས་ཤིག་ཡིན་པ་མ་ཟད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཇུས་གཞི་ཆེན་པོ་ཞིག་ཀྱང་ཡིན། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྐུལ་འདེད་ཀྱི་གོང་བུ་ལྟ་བུ་ཡིན་པས། ངེས་པར་དུ་སྤྱི་འདོམས་མཉམ་སྒུལ་བྱས་ནས་ཁྱོན་ཡོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། སྒྲིག་སྐྱོང་དང་ཁྲིམས་སྐྱོང་ནན་པོའི་ཐོག་ནས་ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ་དང་། རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བའི་ལམ་ལུགས་ཀྱི་མ་ལག་དང་ནན་པོ་དང་ནུས་ལྡན་གྱི་ལྟ་སྐུལ་མ་ལག་ཆགས་རྒྱུར་སྐུལ་འདེད་གཏོང་བ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། “དམ་ནན”གྱི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། “དབྱེ་བ་འབྱེད་དགོས་པ་གསུམ”བྱེད་མཁས་པོ་བྱེད་དགོས་པ་དང་། དམངས་ཀྱི་འདོད་བློ་དང་མཐུན་དགོས་པ་མ་ཟད། ལས་བྱེད་པའི་འགན་འཁུར་ནུས་པ་ཆེ་རུ་གཏོང་དགོས། “རྣམ་པ་བཞིའི”སྲིད་ཇུས་འཐབ་ཇུས་གང་ལེགས་སྤྱད་ནས་བཅད་གྲངས་ཐག་གཅོད་ནུས་ལྡན་དང་བརྒལ་གྲངས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ལམ་ལུགས་དང་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ལྟ་སྐུལ་མ་ལག་ཏང་གི་འགོ་ཁྲིད་སྒྲིག་སྲོལ་དང་མཐུན་པ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་མཉམ་འདྲེས་ཡོང་བ་བྱས་ཏེ། ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་ངང་བཅོས་སྐྱོང་གི་ནུས་ཕྱོད་ལ་འགྱུར་བར་སྐུལ་འདེད་གཏོང་དགོས། ཏང་ཨུད(ཏང་ཙུའུ)ཀྱི་ཕྱོགས་ཡོངས་ཀྱི་ལྟ་སྐུལ་དང་། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཆེད་འགན་འཁུར་བའི་ལྟ་སྐུལ། ཏང་གི་ལས་དོན་སྡེ་ཚན་གྱི་འགན་ནུས་ལ་ལྟ་སྐུལ། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ། ཏང་ཡོན་གྱི་དམངས་གཙོའི་ལྟ་སྐུལ་སོགས་ཟུང་འབྲེལ་དང་མཉམ་འདྲེས་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་བོར་བཟུང་སྟེ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་འཛིན་གྱི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། རྩིས་བཤེར་གྱི་ལྟ་སྐུལ། ནོར་རྩིས་ཀྱི་ལྟ་སྐུལ། བསྡོམས་རྩིས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་འབྲེལ་མཐུད་ནུས་ལྡན་དང་ཕན་ཚུན་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་ནུས་པ་ཡག་པོ་བཏོན་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། དམ་ཞིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་ལམ་ལུགས་སྲུང་སྐྱོང་བྱས་ཏེ། སྒྲིག་ཁྲིམས་ཀྱི་གཅུན་ནུས་དང་ལམ་ལུགས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཡོངས་ཁྱབ་ཀྱི་ལམ་ལུགས་ལག་བསྟར་དང་ལྟ་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་དང་ཆེད་དོན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། ལམ་ལུགས་ལག་བསྟར་བྱས་ཚུལ་དཔྱད་ཞིབ་ཀྱི་ནང་དོན་ནང་བཅུག་སྟེ། ལས་བྱེད་པས་ལམ་ལུགས་ལ་ནན་པོར་གཞིགས་ཏེ་རང་འགན་གཙང་སྒྲུབ་དང་ལམ་ལུགས་སྤྱོད་མཁས་པོ་བྱས་ནས་ཇུས་འགོད་ལས་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་བདའ་འདེད་ནུས་ལྡན་བཏང་ནས་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དབང་ཆ་གང་བྱུང་དུ་སྤྱོད་པའི་འགན་འཛོལ་གྱི་བྱེད་སྤྱོད་རྩད་གཅོད་བྱེད་དགོས་ལ། དབང་ཆ་མི་སྤྱོད་པའི་འགན་ཤོར་གྱི་བྱེད་སྤྱོད་ཀྱང་རྩད་གཅོད་བྱེད་དགོས་པ་དང་། ཐད་ཀའི་འགན་འཁྲི་རྩད་གཅོད་བྱེད་དགོས་ལ། འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་ཡང་རྩད་གཅོད་བྱེད་དགོས།
      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་དང་ལམ་ལུགས་ལག་བསྟར་འགན་ལེན་བྱ་རྒྱུ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྣེ་འཁྲིད་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་ཀྱི་འཐབ་འཛིང་པ་ཞིག་བྱེད་དགོས། ཏང་ཀྲུང་དབྱང་གིས་ལྟ་སྐུལ་སྒྲིག་སྐྱོང་གི་ལས་ཀའི་སྒྲིག་སྲོལ་བཟོས་པ་དང་། ལྟ་སྐུལ་ཁྲིམས་སྐྱོང་གི་ལས་ཀའི་གཏན་འབེབས་ལ་ཆོག་མཆན་སྤྲད་པ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ལམ་ལུགས་བཙུགས་པ་དང་སྒྲིག་ལམ་བཟོས་པ་ཞིག་ཡིན་པས། ངེས་པར་དུ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་སྒྲིག་ཨུད་དང་ལྟ་སྐུལ་ཨུ་ལྷན་ལ་འགོ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྒྲིག་སྐྱོང་ཁྲིམས་སྐྱོང་གི་དབང་ཆར་ལྟ་སྐུལ་དང་གཅུན་སྡོམ་ཐུབ་པའི་འགན་ལེན་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་ངོས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་རང་ངོས་གཅུན་སྡོམ་ཐད་མིག་དཔེ་བཏོན་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་དང་། བརྒྱུད་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་། དབང་ཚད་དང་། སྒྲིག་སྲོལ། བརྒྱུད་རིམ་བཅས་ལ་ནན་པོར་གཞིགས་ཏེ་ལས་དོན་སྤེལ་བ། ནུས་ཤུགས་དེ་བས་ཆེ་བ་སྤྱད་དེ་དཔུང་ཁག་སྟོབས་ཆེར་བསྐྲུན་པ་དང་ལས་བྱེད་པ་རྣམས་ཉམས་སད་ཐེག་ཐུབ་པ་བྱེད་དགོས།
     ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་ཐོག་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱས་པའི་གྲུབ་འབྲས་ཐོབ་པའི་འགྲོ་ལམ་དང་ནུས་ལྡན་གྱི་ལམ་ལུགས་རྒྱས་བཤད་གཏིང་ཟབ་གནང་བ། ཏང་ལ་དོ་དམ་དང་ཏང་སྐྱོང་བར་ངེས་པར་དུ“གང་ཞིག་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་དང་གང་ཞིག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས་པའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པར་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། མཐོ་གཟིགས་འོག་བསྐྱངས་དང་། སྤྱི་ཡོངས་ལ་སྤྱི་འདོམས། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་གསུང་བཤད་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཟམ་མི་ཆད་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་པ། “དམ་ནན”གྱི་རྩ་བའི་དགོངས་གཞི་ཡུན་རིང་མཐའ་འཁྱོངས་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
     ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མི་དམངས་ཚོགས་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པ་བཅས་ཀྱིས་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་པ་རེད།
    ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་1ཚེས་13ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཚེས་13ཉིན་གྱི་ཕྱི་དྲོ། ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་འགོ་བརྗོད་དུ《ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་འགན་ལེན་བརྟན་པོ་བྱེད་དགོས》ཞེས་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།

  
style="display:none;"