མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་གྱིས་2020ལོའི“ཀྲུང་གོ་དང་པུ་རུ་ནེའི་
ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་19ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་གྱིས་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། 2020ལོའི“ཀྲུང་གོ་དང་པུ་རུ་ནེའི་ཡུལ་སྐོར་ལོ”པུ་རུ་ནེའི་རྒྱལ་ས་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་དུ་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་པུ་རུ་ནེ་ནི་མཚོ་ཁ་གཡས་གཡོན་ནས་ཕན་ཚུན་མཐོང་ཐུབ་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད་ལ། ཕན་ཚུན་ཡིད་ཆེས་ལྡན་པའི་གྲོགས་པོ་དང་རོགས་ཟླ་ཞིག་ཀྱང་རེད། འདས་ཟིན་པའི་ལོ་གཉིས་ནང་། ང་དང་རྒྱལ་པོ་ཧ་སང་ནར་དབར་ལོ་རྒྱུས་རང་བཞིན་གྱི་ཕན་ཚུན་འཚམས་འདྲི་ཐུབ་ནས་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐད་ཕན་ཚུན་གཉིས་ཁེ། མི་ཆོས་ཐད་ཕན་ཚུན་འབྲེལ་མཐུད། ཕྱོགས་མང་རོགས་རེས་བཅས་ཀྱི་རོགས་ཟླ་བཟང་པོ་བྱེད་རྒྱུའི་གཏན་འཁེལ་མཐའ་གཅིག་ཏུ་བྱས་ཡོད། ཕྱོགས་གཉིས་པོས་ཡུལ་སྐོར་ལོ་གཉེར་བ་གོ་སྐབས་སུ་བྱས་ཏེ་མི་སྣ་འགྲོ་འོང་རྒྱ་སྐྱེད་གཏོང་བ་དང་། 
    རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡག་པོ་དང་ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ་ཡག་པོ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཧ་ས་ནར་གྱིས་རྟེན་འབྲེལ་འཕྲིན་ཡིག་ནང་། པུ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པས། གཉིས་ཁེ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ནི་པུ་རུ་ནེའི་ཡུལ་སྐོར་ཁྲོམ་ར་རྩ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་སྡེ་ཚན་གྱིས་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། ཡུལ་སྐོར་ལོ་ལེགས་གྲུབ་ལྡན་པའི་ངང་མཇུག་འགྲིལ་རྒྱུར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"