མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་འབར་མའི་ཙུང་ཐུང་དབུན་མེས་གཉེར་བའི་ཕེབས་བསུ་ཞུ་བའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་19ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནེ་པི་ཏུའི་ཙུང་ཐུང་ལས་ཤག་ཏུ་འབར་མའི་ཙུང་ཐུང་དབུན་མེས་གཉེར་བའི་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་དབུན་མེའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།

     འདི་ག་ཚགས་པར་ཁང་དུ་ནེ་པི་ཏུའུ་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནེ་པི་ཏུའི་ཙུང་ཐུང་ལས་ཤག་ཏུ་འབར་མའི་ཙུང་ཐུང་དབུན་མེས་གཉེར་བའི་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
     ཟླ་དང་པོའི་ནེ་པི་ཏུར་ཉི་འོད་རབ་ཏུ་འཚེར་ཞིང་སྔོ་ལྗང་རྩི་ཤིང་གིས་རབ་ཏུ་བརྒྱན། ཙུང་ཐུང་ལས་ཤག་མདུན་གྱི་སྤང་ལྗོངས་སྟེང་གུས་དམག་དཔའ་ཉམས་དོད་ལ་གྲལ་སྟར་འགྲིག་པོས་ལངས་ནས་བསྡད་ཡོད།
     དབུན་མེས་ཙུང་ཐུང་ལས་ཤག་གི་མདུན་དུ་སྤྲོ་སེམས་འཁོལ་པོས་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་གཟབ་སྦྲེང་རུ་ཁག་གིས་མེ་མདའ་བཏེགས་ནས་གུས་འདུད་ཞུས་པ་དང་། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་འབར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གིས་དབུན་མེའི་ཕེབས་རོགས་འོག གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁག་སོ་སོར་ཕེབས་རོགས་མི་སྣ་རེ་རེ་བཞིན་ལ་ཕྱག་བཏང་ནས་འཚམས་འདྲི་གནང་བ་རེད། 

style="display:none;"