མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ནེ་པི་ཏུའུ་རུ་ཕེབས་འབྱོར་ཟིན་པ། འབར་མའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་
ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་19ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནེ་པི་ཏུའུ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་ནས་འབར་མའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་ཕེབས་འབྱོར་ཟིན་སྐབས་འབར་མའི་ཙུང་ལི་གཞོན་པ་དང་པོ་མིན་རུའེ་ཡིས་ནང་བློན་པུའུ་ཀྲང་མང་པོའི་སྣེ་འཁྲིད་དེ་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བཞིན་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནེ་པི་ཏུའུ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་ནས་འབར་མའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་ཕེབས་འབྱོར་ཟིན་སྐབས་འབར་མའི་ཙུང་ལི་གཞོན་པ་དང་པོ་མིན་རུའེ་ཡིས་ནང་བློན་པུའུ་ཀྲང་མང་པོའི་སྣེ་འཁྲིད་དེ་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བཞིན་པ། 

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་པེ་ཏུའུ་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ནེ་པི་ཏུའུ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་ནས་འབར་མའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
     ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་འབར་མའི་མཁའ་དབྱིངས་སུ་འབྱོར་སྐབས་འབར་མའི་དམག་འཐབ་གནམ་གྲུ་གཉིས་ཀྱིས་མཁའ་དབྱིངས་སུ་སྲུང་སྐྱེལ་ཞུས་པ་རེད།
     ཞི་ཅིན་ཕིང་ཕེབས་འབྱོར་ཟིན་སྐབས། འབར་མའི་ཙུང་ལི་གཞོན་པ་དང་པོ་མིན་རུའེ་ཡིས་ནང་བློན་པུའུ་ཀྲང་མང་པོའི་སྣེ་འཁྲིད་དེ་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། འབར་མའི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་མི་རིགས་ཁག་གི་སྲོལ་རྒྱུན་གྱོན་ཆས་གྱོན་པའི་འབར་མའི་ན་གཞོན་གྱིས་ལམ་གཡས་གཡོན་དུ་ལངས་ནས་དགའ་བསུ་ཞུས་པ་རེད། གུས་དམག་གིས་ས་གདན་དམར་པོའི་གཡས་གཡོན་དུ་གྲལ་འགྲིག་པོས་གུས་འདུད་ཞུས་པ་རེད། ས་གནས་དེ་གའི་སྒྱུ་རྩལ་མཁས་ཅན་དང་སློབ་གྲྭ་ཆེ་མོ་བ་ཚོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གླུ་གར་འཁྲབ་པ་རེད། འབར་མའི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་འབར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་གཏོང་བཞིན་དུ་འབར་མའི་སྐད་ཡིག་གི་ཐོག་ནས“ཀྲུང་འབར་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”དང“ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་གཟུགས་གསལ་ཐང་ཡོང་བར་ཤོག”ཅེས་དགའ་འབོད་བྱས་ཏེ། ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང་ཁོང་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་རེད།
      ཞི་ཅིན་ཕིང་གི་རླངས་འཁོར་རུ་ཁག་གནམ་ཐང་ནས་གྲོང་ཁུལ་ཕྱོགས་སུ་སྐྱོད། གནམ་ཐང་གི་རྒྱལ་སྒོ་ཆེ་མོའི་ཐོག“ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབར་མར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”དང“འབར་མའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་ལ་བླ་ན་མེད་པའི་གུས་འདུད་ཞུ”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་བཀལ་ཡོད་པ་རེད། 
     ལམ་རྒྱུད་ཀྱི་གཡས་གཡོན་དུ་ཀྲུང་འབར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་། ཞི་ཅིན་ཕིང་གི་སྐུ་པར་ཧ་ཅང་ཆེན་པོ་དང“ཀྲུང་འབར་རྒྱལ་ཁབ་གཉིས་པོའི་སྤུན་ཟླའི་མཛའ་གྲོགས་མི་ཉམས་ཡུན་གནས་ཡོང་བར་ཤོག” “ཀྲུང་འབར་གྱི་མཛའ་གྲོགས་མཉམ་ལས་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་བར་ཤོག”ཅེས་པའི་སྦྱར་ཡིག་ཆེན་པོ་མངོན་གསལ་ཧ་ཅང་དོད། ས་གནས་དེ་གའི་དམངས་ཚོགས་ཀྱིས་གླུ་ལེན་གར་འཁྲབ་དང་གཞོན་ནུ་སློབ་མ་ཚོས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བཏང་ནས། འབར་མའི་མི་དམངས་ལ་དམིགས་བསལ་དུ་ཡོད་པའི་བབ་ཆགས་ལ་བརྟེན་ནས་ཆེས་གུས་པར་འོས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ། འབར་མའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་འབར་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྤུན་ཟླའི་བརྩེ་སེམས་ཧ་ཅང་ཟབ་མོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་རིང་། ཀྲུང་འབར་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་དར་སྤེལ་དང་ཞི་མཐུན་མཉམ་གནས་ཀྱི་རྩ་དོན་ལྔ་མཐའ་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། ངས་འབར་མའི་འགོ་ཁྲིད་མི་སྣ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་ནས་ཐུན་མོང་ཐོག་སྤུན་ཟླའི་མཛའ་བརྩེ་རྒྱུན་འཛིན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་བྱེད་ཟབ་ཏུ་ཕྱིན་ཏེ། ཀྲུང་འབར་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་དུས་རབས་གསར་པར་སླེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

  
style="display:none;"