མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་གོང་ཡུན་ནན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་སྟེ། 
མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་
སྡེའི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དཔྱིད་གསར་
དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་གོང་ཡུན་ནན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་སྟེ། 
མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་
སྡེའི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དཔྱིད་གསར་
དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ།

    ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཡུན་ནན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བར་ཕེབས་པ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕེབས་ནས་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། འདི་ནི་ཟླ་1ཚེས་20ཉིན་ཞི་ཅིན་ཕིང་གིས་ཁུན་མིང་དུ་ཡུན་ནན་ལ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཐོན་ཤོག་རིམ་པའི་ཚན་པའི་དམག་དཔོན་གཙོ་བོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ།
      ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་ཚེས་19དང་20ཉིན་གཉིས་རིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཡུན་ནན་དུ་བཅའ་སྡོད་དཔུང་སྡེར་གཟིགས་ཞིབ་གནང་བར་ཕེབས་པ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕེབས་ནས་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
     ལོ་གསར་པ་འཆར་བའི་མཚམས་སུ་རྣམ་པ་ཡོངས་རྫོགས་གསར་པར་གྱུར་ཞིང་། ཡུན་ནན་གྱི་ས་གཞི་ཆེ་མོར་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པ་ཙམ་ལ་ཞི་ཅིན་ཕིང་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་བཅའ་སྡོད་བྱེད་མཁན་མཐའ་སྲུང་དམག་སྒར་ཞིག་གི་འཐབ་འཛིང་པའི་ཉལ་ཁང་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་འབྲེལ་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དམག་སྒར་དེའི་འཕྲོད་བསྟེན་ཁང་དུ་ཞི་ཅིན་ཕིང་གིས་འབྲེལ་ཡོད་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་མཐའ་མཚམས་དཔུང་སྡེའི་སྨན་བཅོས་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་ནས་དཔོན་དམག་གི་རྒྱུན་གཏན་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་མཁྱེན་རྟོགས་བྱུང་སྐབས་ཞི་ཅིན་ཕིང་ཐུགས་ཧ་ཅང་མཉེས་པོ་བྱུང་ཡོད་པ་རེད།
     དགོང་ཟས་ཟ་བའི་དུས་ལ་སླེབས་གྲབས་ཡོད་པས་དམག་མིའི་མ་བྱན་བཅུ་ཤོག་གི་འཐབ་འཛིང་པའི་ཟ་ཁང་ནང་དུ་བྲེལ་འཚུབ་ཀྱིས་ཁེངས་བཞིན་ཡོད། ཞི་ཅིན་ཕིང་འདི་གར་དཔུང་སྡེའི་ལྟོ་ཆས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བར་ཕེབས་ནས་ཚལ་སྣ་ཁ་མང་པོ་ཡོད་པ་གཟིགས་སྐབས་ཞི་ཅིན་ཕིང་གི་བཞིན་ལས་ཐུགས་མཉེས་པོ་བྱུང་བའི་རྣམ་པ་མངོན་ཡོད། ཁོང་གིས་དཔུང་སྡེས་དུས་ཆེན་རིང་གི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ཏེ་འཐབ་འཛིང་པ་ཚོར་དགའ་སྤྲོ་དང་། འཆམ་མཐུན། བདེ་འཇགས་བཅས་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་དགོས་པའི་མངགས་བཅོལ་ནན་པོ་གནང་བ་རེད།
      ཞི་ཅིན་ཕིང་གིས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལས་འགན་སྒྲུབ་བཞིན་ཡོད་པའི་དཔོན་དམག་ཚོར་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པས་ཆེད་མངགས་བརྙན་ལམ་བརྒྱུད་འབྲེལ་ཡོད་དཔུང་སྡེར་འཚམས་འདྲི་གནང་བ་རེད། ས་འོག་འབར་མདེལ་གཙང་སེལ་དང་འབར་གས་སྔོན་འགོག་རུ་ཆེན་གྱི་ཡན་ལག་རུ་ཁག་ནི“ས་འོག་འབར་མདེལ་གཙང་སེལ་དཔའ་བོ་འཐབ་འཛིང་པ”ཏུའུ་ཕུའུ་གོ་གནས་སའི་དཔུང་སྡེ་ཡིན་པ་དང་། དཔུང་སྡེ་དེས་མཐའ་མཚམས་ཀྱི་ས་འོག་འབར་མདེལ་གཙང་སེལ་ལས་འགན་མང་པོ་གཟེངས་སུ་ཐོན་པའི་ངང་ལེགས་གྲུབ་བྱེད་མྱོང་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོས་ས་འོག་འབར་མདེལ་གཙང་སེལ་བྱས་ནས་མངོན་མེད་ཉེན་ཁ་མེད་པ་བཟོ་བ་དང་མཐའ་མཚམས་མི་དམངས་བདེ་སྐྱིད་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་རྒྱུ་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་གང་ལེགས་གནང་བ་དང་། ཁོང་ཚོས་བདེ་འཇགས་འགོག་སྲུང་ལས་དོན་ཏན་ཏིག་སྒྲུབ་སྟེ་ས་འོག་འབར་མདེལ་གཙང་སེལ་དང་འབར་གས་སྔོན་འགོག་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཏང་དང་མི་དམངས་ཀྱི་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ལྕག་སྐུལ་གནང་བ་རེད།
     ཚེས་20ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་གིས་ཁུན་མིང་དུ་ཡུན་ནན་ལ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཐོན་ཤོག་རིམ་པའི་ཚན་པའི་དམག་དཔོན་གཙོ་བོར་བྱམས་བརྩེའི་ངང་ཐུགས་འཕྲད་གནང་ཡོད། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་འདས་ཟིན་པའི་ལོ་གཅིག་རིང་ཡུན་ནན་དུ་བཅའ་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་ལས་དོན་ཁག་ལ་སྐུལ་མ་ཏན་ཏིག་བཏང་བས་ལས་འགན་གལ་ཆེན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ཐུབ་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས་འདི་ལོ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ལོ་ཞིག་ཡིན་ལ། རང་དམག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་2020ལོའི་དམིགས་ཚད་དང་ལས་འགན་ལེགས་གྲུབ་བྱེད་པའི་ལོ་ཞིག་ཀྱང་ཡིན་པས་ཕྱོགས་ཁག་གི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྕི་བ་ཞིག་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། འགག་སྒྲོལ་དཀའ་སེལ་ལ་ནུས་ཤུགས་ཡོད་རྒུ་འདོན་པ། ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་སྒོ་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ལེགས་གྲུབ་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞུའེ་ཆི་ལེའང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"