མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་མུ་མཐུད་འཚང་ཁ་ཤིག་ཤིག་ངང་ཞལ་འདེབས་ཕུལ་ནས་རིམས་ནད་སྔོན་འགོག་ཚོད་
འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་06ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

རྒྱལ་ཡོངས་སུ་ཏང་ཡོན་ཁྲི་4128ཀྱིས་རང་མོས་ངང་ཞལ་འདེབས་ཕུལ་བར་ཁྱོན་སྒོར་དུང་ཕྱུར་47.3ཟིན་པ།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ་ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་འཚང་ཁ་ཤིག་ཤིག་ངང་ཞལ་འདེབས་ཕུལ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་སེམས་ཤུགས་ཉམས་མེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་3ཚེས་4ཉིན་བར་རྒྱལ་ཡོངས་སུ་ཏང་ཡོན་ཁྲི་4128ཀྱིས་རང་མོས་ངང་ཞལ་འདེབས་ཕུལ་བར་ཁྱོན་སྒོར་དུང་ཕྱུར་47.3ཟིན་པ་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་ད་དུང་སྤེལ་བཞིན་ཡོད་པ་རེད། 

  
style="display:none;"