མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་
འདུའི་ཐོག་ནན་བཤད་གནང་དོན། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཁྱད་བསད་མཐའ་གཅིག་ཏུ་བྱས་
ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་08ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་3ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་3ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བ། 

         ■ 2020ལོར་སླེབས་སྐབས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་བླངས་པའི་ཁས་ལེན་ནན་པོ་ཞིག་ཡིན་པས། ངེས་པར་དུ་དུས་བཅད་ལྟར་མངོན་འགྱུར་བྱེད་དགོས། དེ་ནི་དམག་འཐབ་དྲག་པོ་ཞིག་ཡིན་པས། ཇི་ཙམ་མཇུག་མཐར་སླེབས་ན་དེ་ཙམ་གྱིས་དོ་ནན་དུ་གཏོང་དགོས་པ་ལས། མཚམས་འཇོག་དང་། སྣང་མེད། ལྷོད་གཡེང་བཅས་བྱེད་མི་རུང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཡིད་ཆེས་བརྟན་གཏོང་དང་དཔའ་ངར་ཞུམ་མེད་ཀྱིས་འབད་བརྩོན་བྱེད་པ་མ་ཟད། ཆོད་སེམས་དེ་བས་ཆེ་བ་དང་ནུས་ཤུགས་དེ་བས་ཆེ་བའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཚང་མར་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་བྱ་གཞག་དེ་ལེགས་གྲུབ་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས།
     ■ ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་ལ་ཉེ་བ་སྟེ། མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་མི་གྲངས་ཁྲི་9899ནས་2019ལོའི་ལོ་མཇུག་གི་མི་གྲངས་ཁྲི་551བར་ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་10.2%ནས་0.6%བར་ཆག་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོ་གཞི་རྩའི་ཆར་དབུལ་སྒྲོལ་ཐུབ་པ་བཅས་རེད། མང་ཚོགས་དབུལ་པོའི་ཡོང་འབབ་ཆུ་ཚད་ཚད་གཞི་མཐོ་པོས་མཐོ་རུ་ཕྱིན་པ་དང་། རང་རྟེན་དབུལ་སྒྲོལ་ནུས་པ་བརྟན་པོས་ཆེ་རུ་ཕྱིན་པ། མང་ཚོགས་དབུལ་པོའི“སེམས་ཁྲལ་མེད་པ་གཉིས”ཀྱི་སྤུས་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། “འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་གཞི་རྩའི་ཆ་ནས་སེལ་བ་བཅས་བྱུང་ཡོད། འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ལེཌ་གྲུབ་ཟིན་རྗེས་རང་རྒྱལ་གྱིས་ལོ་10སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི་གྲོས་རིམ་ནང་གི་དབུལ་པོ་ཉུང་གཏོང་གི་དམིཌ་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་པ་དང་། འཛམ་གླིང་ཐོག་རྒྱལ་ཁབ་གང་ཞིག་གིས་ཀྱང་དུས་ཡུན་ཐུང་ངུ་དེ་འདྲའི་ནང་མི་མང་པོ་དེ་འདྲར་དབུལ་སྒྲོལ་བྱེད་རོགས་བྱེད་མི་ཐུབ་པས། དེས་ཀྲུང་གོ་དང་འཛམ་གླིང་ཚང་མར་དོན་སྙིང་གལ་ཆེན་ལྡན་ཡོད།
     ■ དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ནི་བདེ་བདེ་ལྷོད་ལྷོད་ངང་གདོང་མཆོང་བྱེད་ཐེངས་གཅིག་ལ་རྣམ་པར་རྒྱལ་ཐུབ་པ་ཞིག་མིན་པར། ངེས་པར་དུ་འཕྲད་པའི་དཀའ་ཚེགས་དང་འགྲན་སློང་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྷག་མ་དག་དཀའ་ཚེགས་ཆེན་པོ་ཡོད་པ་སྟེ། ཏོག་གསར་གློ་ཚད་ཀྱིས་བཟོས་པའི་འགྲན་སློང་གསར་པ་ལས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དཀའ་ཚེགས་ཧ་ཅང་ཆེ་བ་དང་། མང་ཚོགས་དབུལ་པོ་ཁག་གཅིག་གི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་མི་འདང་བས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་མཇུག་མཐའི་ལོ་ཞིག་དང་མཇུག་བསྡུའི་ལོ་ཞིག་ཡིན། ནད་ཡམས་ཀྱི་ཤུགས་རྐྱེན་ཕོག་པས། ལས་དོན་ཁག་གི་ལས་འགན་དེ་བས་ལྕི་བ་དང་བླང་བྱ་དེ་བས་མཐོ་བ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། དུས་བཅད་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚེས་6ཉིན་པེ་ཅིང་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། 2020ལོར་སླེབས་སྐབས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་བླངས་པའི་ཁས་ལེན་ནན་པོ་ཞིག་ཡིན་པས། ངེས་པར་དུ་དུས་བཅད་ལྟར་མངོན་འགྱུར་བྱེད་དགོས། དེ་ནི་དམག་འཐབ་དྲག་པོ་ཞིག་ཡིན་པས། ཇི་ཙམ་མཇུག་མཐར་སླེབས་ན་དེ་ཙམ་གྱིས་དོ་ནན་དུ་གཏོང་དགོས་པ་ལས། མཚམས་འཇོག་དང་། སྣང་མེད། ལྷོད་གཡེང་བཅས་བྱེད་མི་རུང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཡིད་ཆེས་བརྟན་གཏོང་དང་དཔའ་ངར་ཞུམ་མེད་ཀྱིས་འབད་བརྩོན་བྱེད་པ་མ་ཟད། ཆོད་སེམས་དེ་བས་ཆེ་བ་དང་ནུས་ཤུགས་དེ་བས་ཆེ་བའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཚང་མར་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་བྱ་གཞག་དེ་ལེགས་གྲུབ་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     བཞུགས་མོལ་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དེ་བཞིན་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ཀྱི་ཁོངས་གཏོགས་གྲོང་ཁྱེར(ས་ཁུལ་དང་། ཀྲོའུ། མོང)དང་རྫོང(གྲོང་ཁྱེར་དང་། ས་ཁུལ། ཆི)དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་ཡིག་ཐོག་གཏམ་བཤད་མཁོ་འདོན་བྱས་ཡོད། ཡུན་ནན་རྒྱལ་མོ་རྔུལ་ཆུ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ནཱ་ཡུན་ཏེ་དང་། ཤིན་ཅང་ཧོ་ཐན་ས་ཨུད་ཀྱི་ཧྲུའུ་ཅི་དབྱང་ཧྥ་སན། ཧོ་ནན་ལན་ཁའོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་སུང་ཐའོ། ཀོང་ཤིས་ཏ་ཧྭ་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ལུང་ཝུན། ཀུའེ་ཀྲོའུ་ཧོ་ཀྲང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཅན་ཕིང་བཅས་ཀྱིས་བརྙན་ལམ་ཚོགས་འདུའི་མ་ལག་བརྒྱུད་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
     ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཐེངས་འདིའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཚོགས་འདུ་ཞིག་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་མིག་སྔའི་དུས་བབ་ལ་དབྱེ་ཞིབ་ཀྱིས་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། དུས་བཅད་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་ལ་ཉེ་བ་སྟེ། མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་མི་གྲངས་ཁྲི་9899ནས་2019ལོའི་ལོ་མཇུག་གི་མི་གྲངས་ཁྲི་551བར་ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་10.2%ནས་0.6%བར་ཆག་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོ་གཞི་རྩའི་ཆར་དབུལ་སྒྲོལ་ཐུབ་པ་བཅས་རེད། མང་ཚོགས་དབུལ་པོའི་ཡོང་འབབ་ཆུ་ཚད་ཚད་གཞི་མཐོན་པོས་མཐོ་རུ་ཕྱིན་པ་དང་། རང་རྟེན་དབུལ་སྒྲོལ་ནུས་པ་བརྟན་པོས་ཆེ་རུ་ཕྱིན་པ། མང་ཚོགས་དབུལ་པོའི“སེམས་ཁྲལ་མེད་པ་གཉིས”ཀྱི་སྤུས་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། “འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་གཞི་རྩའི་ཆ་ནས་སེལ་བ་བཅས་བྱུང་ཡོད། འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་འགན་ལེགས་གྲུབ་ཟིན་རྗེས་རང་རྒྱལ་གྱིས་ལོ་10སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི་གྲོས་རིམ་ནང་གི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་པ་དང་། འཛམ་གླིང་ཐོག་རྒྱལ་ཁབ་གང་ཞིག་གིས་ཀྱང་དུས་ཡུན་ཐུང་ངུ་དེ་འདྲའི་ནང་མི་མང་པོ་དེ་འདྲར་དབུལ་སྒྲོལ་བྱེད་རོགས་བྱེད་མི་ཐུབ་པས། དེས་ཀྲུང་གོ་དང་འཛམ་གླིང་ཚང་མར་དོན་སྙིང་གལ་ཆེན་ལྡན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱབ་ཁོངས་སུ་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་པ་དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ལེགས་ཆ་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་ནང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སེམས་ནུས་གཅིག་ཏུ་འདུས་ཡོད་ལ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ལས་དོན་ཏན་ཏིག་སྒྲུབ་པ་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱ་ཆེའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་ཐོག་ཡོད་པའི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ནི་བདེ་བདེ་ལྷོད་ལྷོད་ངང་གདོང་མཆོང་བྱེད་ཐེངས་གཅིག་ལ་རྣམ་པར་རྒྱལ་ཐུབ་པ་ཞིག་མིན་པར། ངེས་པར་དུ་འཕྲད་པའི་དཀའ་ཚེགས་དང་འགྲན་སློང་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྷག་མ་དག་དཀའ་ཚེགས་ཆེན་པོ་ཡོད་པ་སྟེ། ཏོག་གསར་གློ་ཚད་ཀྱིས་བཟོས་པའི་འགྲན་སློང་གསར་པ་ལས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དཀའ་ཚེགས་ཧ་ཅང་ཆེ་བ་དང་། མང་ཚོགས་དབུལ་པོ་ཁག་གཅིག་གི་་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་མི་འདང་བས། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་མཇུག་མཐའི་ལོ་ཞིག་དང་མཇུག་བསྡུའི་ལོ་ཞིག་ཡིན། ནད་ཡམས་ཀྱི་ཤུགས་རྐྱེན་ཕོག་པས། ལས་དོན་ཁག་གི་ལས་འགན་དེ་བས་ལྕི་བ་དང་བླང་བྱ་དེ་བས་མཐོ་བ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། དུས་བཅད་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་མུ་མཐུད་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་དོན་འཁྱོལ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་འགག་སྒྲོལ་དཀའ་སེལ་གྱིས་ལས་འགན་ལེགས་སྒྲུབ་ཡོང་བ་བྱེད་དགོས། དབུལ་ཞྭ་ཕུད་མེད་པའི་རྫོང་52དང་གྲོང་ཚོ་དབུལ་པོ་1113ལ་སྒོ་བྱང་བཀལ་ནས་འགག་སྒྲོལ་དམག་འཐབ་ལ་ལྟ་སྐུལ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་དཀའ་ས་དང་མཁྲེགས་སར་ལྟ་སྐུལ་བྱེད་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་སེམས་ནུས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་སྟེ་མཐའ་མའི་མཁྲེགས་ས་གཏོར་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དབུལ་པོ་རང་ལོག་སྔོན་འགོག་བྱེད་དགོས། ངལ་རྩོལ་ནུས་ཤུགས་མེད་པའི་དམིགས་བསལ་གྱི་མི་འབོར་དབུལ་པོར་སྤྱི་ཚོགས་འགན་ལེན་གྱི་ཐ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཁུལ་དབྱེ་རིམ་དབྱེའི་གནད་སྨིན་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལག་ལེན་བསྟར་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་ནུས་ཕྱིར་གཏོང་བྱེད་ས་དང་ནང་འདྲེན་བྱེད་ས་གནད་སྨིན་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ལས་གནས་བརྟན་གཏོང་དང་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་ལ་རྒྱབ་སྐྱོར་བྱས་ནས་གང་མགྱོགས་ལས་འགོ་བསྐྱར་འཛུགས་ཐུབ་པ་བྱེད་པ་མ་ཟད། དབུལ་པོར་ཁྲིད་སྟོན་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། སྤྱི་ཕན་ལས་གནས་སྤྱད་དེ་ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཏེ་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས།
      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དཔྱད་ཞིབ་ནན་པོ་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་དང་ཕྱིར་འཐེན་གྱི་འགག་སྒོ་ནན་པོ་སྲུང་སྟེ། གྲངས་གཞིའི་དབུལ་སྒྲོལ་དང་དབུལ་སྒྲོལ་རྫུས་མ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ས་ཁུལ་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས།
      ཞི་ཅིན་ཕིང་གིས་བསྟན་དོན། དབུལ་ཞྭ་འབུད་པ་ནི་མཇུག་གནས་མིན་པར། དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན། མུ་མཐུད་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་དང་། དབུལ་པོ་ཉུང་གཏོང་གི་འཐབ་ཇུས་དང་ལས་ཀའི་མ་ལག་བརྟན་པོའི་ངང་ཕྱོགས་སྒྱུར་ཡོང་རྒྱུར་སྐུལ་མ་གཏོང་བ། སྤྱི་འདོམས་ངང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་འཇུག་པ་བཅས་བྱས་ཏེ་རིང་ཐུང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས།

  
style="display:none;"