མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་མིག་སྔར་ཏོག་གསར་གློ་ཚད་གོ་ལ་ཧྲིལ་པོར་མཆེད་ལ་ཐུར་ཁེར་ཡང་འགྲན་སློང་དྲག་པོ་འཕྲད་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ། ཐུར་ཁེ་སྲིད་གཞུང་དང་ཐུར་ཁེའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་དཀའ་ངལ་ཆེ་ཤོས་ཀྱི་དུས་ལས་གྲོལ་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བཞིན་ཡོད། ང་ཚོས་སྨན་བཅོས་རིམས་འགོག་དངོས་རྫས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། གོ་ལ་ཧྲིལ་པོས་རིམས་ནད་ལ་འགོག་རྒོལ་བྱེད་པར་དངོས་རྫས་གང་མང་མང་མཁོ་འདོན་བྱེད་ཆེད་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་ལ་རིམས་འགོག་དངོས་རྫས་ཁག་གཅིག་རོགས་སྐྱོར་བྱས་པ་དང་འབྲེལ། རྒྱལ་ཁབ་གཉིས་པོའི་སྨན་བཅོས་འཕྲོད་བསྟེན་རིགས་གཅིག་མཁས་ཅན་བརྙན་ལམ་བརྒྱུད་སྤེལ་རེས་ཀྱིས་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་བཀོད་སྒྲིག་ཀྱང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་ཀྱི་དགོས་མཁོ་ལྟར་ཐུར་ཁེ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་མུ་མཐུད་རོགས་རམ་བྱེད་འདོད་ཡོད་ལ། ད་དུང་ཐུར་ཁེས་ཀྲུང་གོ་ནས་སྨན་བཅོས་དངོས་རྫས་ཉོ་སྒྲུབ་བྱེད་པར་རོགས་རམ་དང་སྟབས་བདེ་ཡང་བསྐྲུན་རྒྱུ་ཡིན། ཙུང་ཐུང་སྐུ་ཞབས་ཁྱེད་ཀྱི་འགོ་ཁྲིད་འོག ཐུར་ཁེས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ལ་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་རེད།

  
style="display:none;"