མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུའུ་ས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་8ཉིན་གྱི་དགོང་མོར་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུའུ་ས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་གནང་ཡོད། “བློ་མཐུན་དང་གཅེན་གཅུང”ལྟ་བུ་ནི་ང་ཚོ་རྒྱལ་ཁབ་གཉིས་དང་ཏང་གཉིས་ཀྱི་མཛའ་གྲོགས་འབྲེལ་བའི་དམིགས་བསལ་མཚོན་རྟགས་ཡིན། ལྷོ་ཨ་ཧྥེ་རི་ཁས་རིམས་ནད་འགོག་རྒོལ་ལ་འབད་བརྩོན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ལྷོ་ཨ་ཧྥེ་རི་ཁའི་དགོས་མཁོ་གཞིར་བཟུང་ནས་ནུས་པས་ལྕོགས་ཚོད་ཀྱིས་མུ་མཐུད་རོགས་རམ་བྱས་ཏེ་ལྷོ་ཨ་ཧྥེ་རི་ཁ་དང་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་ཀྱིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཙུང་ཐུང་སྐུ་ཞབས་མཆོག་གི་འགོ་ཁྲིད་འོག་ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་ཁ་གཏད་གཅོག་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་རྒྱུར་ཡིད་ཆེས་ཡོད། ང་ཚོས་ལྷོ་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཕྱིར་སྡོད་ཡུལ་མིར་ལྷོ་ཨ་ཧྥེ་རི་ཁའི་རིམས་འགོག་བྱ་སྤྱོད་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱ་རྒྱུར་ལྕག་སྐུལ་བྱེད་ཀྱི་ཡོད། ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་ཁོང་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་དེ་བཞིན་ཁྲིམས་མཐུན་ཁེ་དབང་ལ་ཚད་མཐོའི་མཐོང་ཆེན་དང་སྲུང་སྐྱོང་གང་ལེགས་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་གྱིས་ཕྱོགས་གཉིས་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་པར་སྐུལ་འདེད་གཏོང་བ་དང་། འབོ་གསེར་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད། 

  
style="display:none;"