མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་
ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་15ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   རིགས་གཅིག་མཁས་ཅན་དང་རིམས་འགོག་དངོས་རྫས་བཀོད་སྒྲིག་དང་བསྡུ་རུབ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་དང་ཞིབ་བཤེར་ཚད་ལེན་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ནས་གནད་སྨིན་སྔོན་འགོག་དང་ཚོད་འཛིན་དང་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ལས་དོན་ཡག་པོ་སྤེལ་བ། 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཕེབས་པ་རེད།
   ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁག་མུ་མཐུད་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་དགོས། རིམས་ནད་མངའ་ཁོངས་བསྒྲལ་ནས་འགོ་རྒྱུ་འགོག་ཟོན་བྱེད་པའི་བྱེད་ཐབས་འགུལ་རྣམ་གྱིས་འཐུས་སྒོ་ཚང་དུ་བཏང་སྟེ་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཤུགས་ཆེར་གཏོང་དགོས། གནད་སྨིན་སྔོན་འགོག་དང་ཚོད་འཛིན་དང་ཚད་ལྡན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམས་ནད་བསྐྱར་ཐོན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེད་པ་བཟོས་ཐོག་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་མཐུན་རྐྱེན་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཙོ་གནད་དམ་འཛིན་གྱིས་གནད་སྨིན་ནུས་ལྡན་གྱི་ཐབས་ཇུས་བཏོན་ནས་མངའ་ཁོངས་ཕྱིའི་རིམས་ནད་མངའ་ཁོངས་བསྒྲལ་ནས་འགོ་རྒྱུ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། འགག་སྒོའི་དོ་དམ་ཚོད་འཛིན་མུ་མཐུད་ནན་པོ་བྱས་ཏེ་དགོས་མེད་ཀྱི་མི་སྣ་མངའ་ཁོངས་བསྒྲལ་ནས་འགྲོ་འོང་བྱེད་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་འགག་སྒོའི་དོ་དམ་དང་། ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ། བཀག་སྡོམ་བརྒྱུད་འདྲེན། ལོགས་འཇོག་སྨན་བཅོས་སོགས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བྱེད་དགོས། མཐའ་མཚམས་ཞིང་ཆེན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་གནོན་ཤུགས་མི་འདྲ་བར་གཞིགས་ཏེ་ནང་སའི་སྨན་བཅོས་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་གྱི་ལས་དོན་ཚོགས་ཆུང་མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྐྱོད་རྒྱུར་རིམ་དབྱེའི་སྒྲིག་འཛུགས་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། སྟབས་བསྟུན་སྨན་ཁང་འཛུགས་སྐྲུན། 
    གཅིག་སྡུད་ལོགས་སུ་འཇོག་ས། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་བཀོད་སྒྲིག དེ་བཞིན་ནད་པ་སྐྱོབ་བཅོས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱས་ནས་ཞིབ་བཤེར་ཚད་ལེན་གྱི་ཚོད་ལྟའི་སྨན་སྦྱོར་དང་སྒྲིག་བཀོད། སྨན་བཅོས་སྐྱོབ་བཅོས་སྒྲིག་ཆས་སོགས་བསྡུ་རུབ་བྱས་ཁར། མཐའ་མཚམས་ས་ཁུལ་དང་འགག་སྒོའི་གྲོང་ཁྱེར་གྱི་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་འཇོན་ཐང་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་རིམས་འགོག་དངོས་རྫས་ཕྱིར་གཏོང་གི་སྤུས་ཚད་ལ་ལྟ་འདོམས་ནན་པོ་བྱས་ཏེ་ཐོབ་ཐང་མེད་པ་དང་ཚད་གཞི་ལྟར་ཐོན་སྐྱེད་མ་བྱས་པ། རིམས་འགོག་ཐོན་ཟོག་དང་མ་བཅོས་རྒྱུ་ཆའི་རིན་གོང་ཧམ་ཤེད་ཀྱིས་སྤར་བ་སོགས་ཀྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།
   ཚོགས་འདུའི་ཐོག་བསྟན་གནང་དོན། ཉེ་དུས་ས་ཁུལ་རེ་ཟུང་དུ་ཁ་ཐོར་གྱི་ནད་དཔེ་བསྟུད་མར་ཐོན་པས་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་མུ་མཐུད་ཡག་པོ་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དུད་ཚང་དང་མི་ཐོག་ཏུ་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྤྱི་དམངས་ལ་ལྟ་སྟངས་གཅིག་མཚུངས་བཟུང་ནས་རིམས་ནད་ཁྱབ་མཆེད་འགོག་དགོས། ནད་རྟགས་མེད་པའི་ནད་པ་དང་དེ་བཞིན་འབྲེལ་ཐུག་དམ་ཟབ་བྱེད་མྱོང་ཡོད་པའི་མིར་ནད་ཡམས་རིག་པ་བརྟག་དཔྱད་དང་གསོ་རིག་དོ་དམ་ཡག་པོ་ཏན་ཏིག་བྱེད་དགོས། སྡེ་ཁུལ་དང་། སྨན་བཅོས་སྒྲིག་གཞིའི་ཚ་ནད་སྒོ་བསྟེན་སྨན་ཁང་། ངོ་འཕྲད་གདོང་ཐུག་གིས་ནད་ཡམས་རིག་པ་བརྟག་དཔྱད་བཅས་ཀྱི་འགོག་སྲུང་འཛིང་རགས་གསུམ་བརྒྱུད་གཏན་འཁེལ་བའི་ནད་དཔེ་དང་ནད་རྟགས་མེད་པའི་ནད་པ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ“སྔ་ཙམ་བཞིའི”བྱེད་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་དང་ཁ་གསལ་གཏིང་གསལ་གྱིས་སྤྱི་ཚོགས་ལ་རིམས་ནད་ཀྱི་ཆ་འཕྲིན་ཕྱོགས་ཡོངས་ནས་ཡོངས་བསྒྲགས་བྱས་ཏེ། ནད་རྟགས་མེད་པའི་ནད་པའི་རིམ་རྩིས་གནས་ཚུལ་བརྟག་དཔྱད་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་དགོས། ཝུའུ་ཧན་ནས་ཁ་བྲལ་བའི་མི་སྣའི་ཞིབ་དཔྱད་ཚད་ལེན་དང་བདེ་ཐང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཉིང་སྐྱུར་དང་དུག་སྲིན་འགོག་རྫས་ཀྱི་ཞིབ་དཔྱད་ཚད་ལེན་ཁྱབ་ཁོངས་ཀྱི་ལས་དོན་ལ་དམ་འཛིན་དང་ཡག་པོ་སྤེལ་རྒྱུ་དེས་མང་ཚོགས་བློ་བདེ་པོ་ཡོང་བ་མ་ཟད། མི་སྣ་འགྲོ་འོང་དང་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་ལས་གསོར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། དམིགས་སར་བསྐྱོད་དེ་དགེ་རྒན་དང་། སྨན་དོན་ལས་དོན་པ། སྤྱི་པའི་བྱེད་སྒོ་སྤེལ་ཡུལ། འགྲིམ་འགྲུལ་ཡོ་ཆས་སོགས་ཐད་ཀྱི་ཞབས་འདེགས་ལས་དོན་སྤེལ་བའི་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས་རིགས་ཚང་མར་ཞིབ་དཔྱད་བྱེད་པ་དང་མི་ཚོགས་གཞན་དག་ལ་ཝུའུ་ཧན་ནས་ཁ་མ་བྲལ་གོང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པར་སྐུལ་མ་གཏོང་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་ནད་རྟགས་མེད་པའི་ནད་པའི་དྭངས་ཁྲག་གི་ནད་ཡམས་རིག་པའི་བརྟག་དཔྱད་ལས་དོན་གང་མགྱོགས་སྤེལ་བ་དང་ཝུའུ་ཧན་ནས་ཁ་བྲལ་བའི་མི་སྣར་དམིགས་སར་མ་བསྐྱོད་གོང་གི་ཉིན་7ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབས་གཤིས་སམ་ཡང་ན་སྔོན་ཆད་ཀྱི་དྭངས་ཁྲག་གི་ཐུན་མོང་མ་ཡིན་པའི་རང་བཞིན་སྲུང་སྐྱོང་བྱེད་པའི་དུག་སྲིན་འགོག་རྫས་ཞིབ་དཔྱད་ཚད་ལེན་གྱི་གདགས་གཤིས་དཔང་རྟགས་ཡོད་ཕྱིན་རྒྱུན་གཏན་ལྟར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། སློབ་ཚན་སླར་གསོ་བཅས་བྱ་ཆོག ཝུའུ་ཧན་ནས་ཁ་མ་བྲལ་གོང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་མེད་པའམ་ཡང་ན་དུག་སྲིན་འགོག་རྫས་ཞིབ་དཔྱད་ཚད་ལེན་གྱི་གདགས་གཤིས་འབྲས་བུ་མཁོ་འདོན་མི་ཐུབ་པའི་མི་སྣར་བསྐྱོད་ཡུལ་དུ་སྔོན་འགོག་དང་ཚོད་འཛིན་བླང་བྱ་དང་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་པ་དང་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་མཐོ་རུ་དང་ཞིབ་དཔྱད་ཚད་ལེན་གྱི་དུས་ཡུན་ཐུང་དུ་གཏོང་དགོས།

  
style="display:none;"