མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་དབྱང་གིས་དཔེ་ཀློག་ཅན་གྱི་སྲིད་གྲོས་འཛུགས་པར་འབད་དགོས་ཟེར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་24ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཝང་དབྱང་གིས་དཔེ་ཀློག་ཅན་གྱི་སྲིད་གྲོས་འཛུགས་པར་འབད་དགོས་ཟེར།

    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་23ཉིན། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོའི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་སུ་ཞུགས་པ་དང་གསུང་བཤད་གནང་། ཁོང་གིས། ཨུ་ཡོན་དཔེ་ཀློག་བྱེད་སྒོ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ལག་ལེན་དངོས་ཡིན་པ་དང་། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ། ཐབས་འདོན་ཇུས་འབུལ་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་། ཐུན་མོང་གི་ངོས་འཛིན་སྔར་ལས་ལྷག་པར་གོང་བུར་འགྲིལ་བའི་ཐབས་ལམ་ནུས་ལྡན་བཅས་ཡིན། ཏང་ཀྲུང་དབྱང་གིས་སྲིད་གྲོས་ཨུ་ཡོན་ཁྲོད་དཔེ་ཀློག་བྱེད་སྒོ་སྤེལ་བ་ལ་ཁས་ལེན་གང་ལེགས་གནང་ཡོད།  མི་དམངས་སྲིད་གྲོས་ཀྱིས་སློབ་སྦྱོང་ལ་མཐོང་ཆེན་དང་བརྩི་མཐོང་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་དཔེ་ཀློག་བྱེད་སྒོའི་གོ་སྐབས་བཟང་པོ་བེད་སྤྱོད་ཡག་པོ་བྱེད་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྩ་འཛུགས་ཀྱིས་དཔེ་ཆ་མང་པོ་ཀློག་པ་དང་། དཔེ་ཆ་ཡག་པོ་ཀློག་པ། དཔེ་ཆ་ཀློག་ཤེས་པ་བྱས་ཏེ་དཔེ་ཀློག་ཅན་གྱི་སྲིད་གྲོས་འཛུགས་དགོས་ཤིང་། ཨུ་ཡོན་གྱི་བསམ་བློའི་ཆུ་ཚད་དང་ནུས་པའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་བརྒྱུད། དུས་རབས་གསར་པའི་འགན་འཁྲི་དང་འོས་འགན་སྔར་བས་ལེགས་པ་འཁུར་ཐུབ་པ་དང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་ཡག་པོ་འདོན་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱས་ཏེ་འབུལ་དགོས་པའི་ལེགས་སྐྱེས་འབུལ་དགོས། 
    ཝང་དབྱང་གིས་བསྟན་དོན། ཟླ་2པའི་ཟླ་སྨད་ནས་འགོ་བརྩམས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་འཛུགས་ཨུ་ཡོན་དང་ཟུང་འབྲེལ་གྱིས་དཔེ་ཀློག་བྱེད་སྒོ་སྤེལ་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད། གོམ་གང་མདུན་སྤོས་ངང་ཨུ་ཡོན་ཡོངས་ཀྱི་ཁྲོད་ནས་ཁྱོན་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་ཏེ། ངེས་པར་དུ་སྲིད་གྲོས་ཀྱི་དགེ་མཚན་ཡག་པོ་འདོན་ཞིང་། སྲིད་གྲོས་ཀྱི་ཁྱད་ཆོས་མངོན་པར་བྱེད་པ། དོན་དངོས་ཀྱི་གྲུབ་འབྲས་ལ་མཐོང་ཆེན་བྱེད་དགོས། དཔེ་ཀློག་བྱེད་སྒོའི་གོ་རིམ་ཡོངས་སུ་ཆབ་སྲིད་ལ་དང་དོད་བྱེད་དགོས་པ་དང་།  ཡང་དག་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་སྤྱད་ནས་གནད་དོན་ལ་ལྟ་བ་དང་། གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་བྱེད་མཁས་དགོས་པ། ལོ་རྒྱུས་དང་དོན་དངོས་བར་དང་། རྒྱལ་ནང་དང་རྒྱལ་ཕྱིའི་བར་གྱི་བསྡུར་བའི་ཁྲོད་ནས་ “ཡིད་རྟོན་བཞི”ཤེས་པ་བྱེད་དགོས་པ་བསྟན། 
    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི། ལིའུ་ཆི་པའོ་ཡིས་གཏམ་བཤད་སྤེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པིང་གིས་མཛད་སྒོ་གཙོ་སྐྱོང་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཝན་ཀང་དང་། ལུའུ་ཀྲན་ཀོང་། ཝང་ཀྲེང་ཝེ། མཱ་པིའོ། ཁྲེན་ཞའོ་ཀོང་། དབྱང་ཁྲོན་ཐང་། པཱ་ཐེར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལུའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧོང་། ཀའོ་ཡུན་ལུང་བཅས་ཚོགས་སུ་ཞུགས་ཡོད། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཀྲུའུ་ཡུང་ཞིན་དང་། སུན་དབྱི་པིའོ་ཡིས་དཔེ་ཀློག་གི་མྱོང་ཚོར་བགྲོ་གླེང་བྱེད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འཐུས་ཚབ་ཁག་ཅིག་གིས་དྲ་ཐོག་ཏུ་“རྒྱལ་ཡོངས་སྲིད་གྲོས་དཔེ་ཀློག་གླིང་”གི་བྱེད་སྒོར་ཞུགས་ཡོད། 

  
style="display:none;"