མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པང་ཏཱ་ལི་དང་ཕན་ཚུན་ཞལ་པར་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་28ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པང་ཏཱ་ལི་དང་ཕན་ཚུན་ཞལ་པར་བསྐྱོན་པ་རེད།   
    ཞི་ཅིན་ཕིང་གིས། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་སྐབས། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་རྒྱལ་བབ་དང་མཐུན་ཞིང་ཕན་ནུས་ལྡན་པའི་བྱ་ཐབས་ལག་བསྟར་བྱས་ནས། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དཀའ་ཚེགས་ཆེས་ཆེ་བའི་དུས་ལས་སྒྲོལ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་དུས་བབ་ལ་ངོས་འཛིན་གསལ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལ་ཡུན་རིང་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ཟིན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་གཏན་སྒྲིག་ལམ་སླར་གསོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་འགྲོ་མི་སྲིད་པས། ང་ཚོས་དེར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།

  
style="display:none;"