མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་
གི་ཚོགས་འདུ་ཐེངས་ང་གཅིག་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    འབྲེལ་ཡོད་གྲོས་གཞི་དང་འཆར་ཟིན་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་ང་གཅིག་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལི་ཧྥེ་ཡིས་ཚོགས་འདུའི་ཐོག་སྲ་གཟུགས་སྙིགས་རོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་སེང་ཞུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་ཆ་སྤྲད་ནས་ཀྲུང་གོ(ཧའེ་ནན)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལག་ལེན་བསྟར་རྒྱུ་གནས་སྐབས་ལེགས་སྒྲིག་བྱེད་པའི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ཕུལ་བ་རེད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་འབྲེལ་ཡོད་འཆར་ཟིན་གྲོས་འགོའི་བརྡས་གཅོད་མ་ཟིན་བཏོན་པ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་ཁྲུན་ཡའོ་ཡིས་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པའི་དུས་ཚོད་ཀྱི་གཏན་འཁེལ་འཆར་ཟིན་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་སེང་ཞུས་པ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཀྲང་ཡེ་སུའེ་ཡིས་ཚོགས་འདུའི་ཐོག《ཁྲིམས་ཆད་འཁུར་མཁན་རྩིས་སྤྲོད་དོ་དམ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ཁི་སི་ཐན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིངས་ཡིག》གི་གྲོས་ཞིབ་གནས་ཚུལ་དང་དེ་བཞིན་ཆིངས་ཡིག་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་གྱི་ཟིན་བྲིས་སྙན་སེང་ཞུས་པ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་དབྱང་ཀྲེན་ཝུའུ་ཡིས་ཚོགས་འདུའི་ཐོག་འཐུས་མི་འགའ་ཞིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་། མི་དམངས་བཅིངས་འགྲོལ་དམག་འདེམས་བསྐོ་ཨུ་ལྷན་གྱི་ཁོངས་མི་གསབ་སྣོན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་གཞི་དང་གོ་གནས་བསྐོ་འཐེན་བྱེད་རྒྱུའི་གྲོས་གཞིའི་གནས་ཚུལ་ཀྲུང་དབྱང་དམག་ཨུད་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་སྐོར་སྙན་སེང་ཞུས་པ་རེད།
    ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་གོང་གསལ་གྱི་འཆར་ཟིན་གྲོས་འགོའི་བརྡས་གཅོད་མ་ཟིན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།

  
style="display:none;"