མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་10ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་པ། 
      ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
    ■ དཀའ་སྤྱད་འབད་བརྩོན་ཚད་མེད་བྱས་པ་བརྒྱུད། ཝུའུ་ཧན་སྲུང་སྐྱོང་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོང་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ང་ཚོས་མུ་མཐུད་ལས་དོན་ཁག་དུས་ཚོད་དམ་འཛིན་གྱིས་ཡག་པོ་སྒྲུབ་པ་དང་། རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། སློབ་འགོ་ཚུགས་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།
    ■ གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ། ཀྲུང་གུང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་གི་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ལ་སྤྱི་འདོམས་དང་བབ་བརླིང་ལྡན་པའི་སྒོ་ནས་ཁ་གཏད་བཅག་པ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་བྱེད་ཐབས་རབ་དང་རིམ་པ་འཕྲལ་ཐག་ཆོད་པོས་བཏོན་པ། དུས་ཡུན་ཟླ་བ་གཅིག་ལྷག་ཙམ་རིང་རིམས་ནད་མཆེད་པའི་འཕེལ་ཕྱོགས་བཀག་འགོག་རགས་ཙམ་ཐུབ་པ། དུས་ཡུན་ཟླ་བ་གཉིས་ལྷག་ཙམ་སྤྱད་དེ་ཡུལ་དེའི་ཉིན་ལྟར་འཕར་བའི་ནད་དཔེ་གྲངས་གནས་གཅིག་གི་ནང་ཚུན་དུ་ཚོད་འཛིན་བྱས་པ། དུས་ཡུན་ཟླ་བ་གསུམ་ལྷག་ཙམ་རིང་ཝུའུ་ཧན་སྲུང་སྐྱོང་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོང་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོ་ལྟར་གྱི་མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོའི་ངོས་ནས་བརྗོད་ན། གྲུབ་འབྲས་འདི་དག་ལས་སླ་པོར་ཐོབ་པ་ཞིག་མིན།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་8ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དཀའ་སྤྱད་འབད་བརྩོན་ཚད་མེད་བྱས་པ་བརྒྱུད། ཝུའུ་ཧན་སྲུང་སྐྱོང་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོང་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་འགངས་ཆེན་ཐོབ་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ང་ཚོས་མུ་མཐུད་ལས་དོན་ཁག་དུས་ཚོད་དམ་འཛིན་གྱིས་ཡག་པོ་སྒྲུབ་པ་དང་། རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། སློབ་འགོ་ཚུཌ་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་། ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་གནང་བ་རེད།
    བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སུན་ཆི་ཤིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་གོང་འོག་སེམས་པ་གཅིག་མཐུན་དང་ཀུན་སེམས་གཅིག་ཏུ་བསྒྲིལ་ཏེ་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རྒྱལ་ནང་གི་རིམས་ནད་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་པ། ཕྱི་ནས་འགོ་བའི་ནད་དཔེ་འཕར་ཚད་རིམ་བཞིན་ཉུང་དུ་ཕྱིན་པ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པ་བཅས་ལས་མི་རིགས་ཀྱི་སྤོབས་སེམས་དང་། རང་ཡིད་རང་ཆེས་ཀྱི་སེམས་པ། གོང་བུ་འགྲིལ་ཤུགས་བཅས་ཆེས་ཆེར་འཕེལ་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་གང་ལེགས་མངོན་ཡོད་ཅེས་བརྗོད་པ་རེད། ཁོང་ཚོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་གཏན་ལྟར་མགྱོགས་མྱུར་སླར་གསོ་བྱེད་པའི་ཐད་ཀྱི་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་ལ་མོས་མཐུན་བྱས་པ་དང་འབྲེལ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཞིབ་མཆན་འགོད་པ། བེད་སྤྱོད་བཅས་མགྱོགས་སུ་བཏང་ནས་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་ཚན་རྩལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སློབ་གསོ་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་སླར་གསོ། དངུལ་རྩའི་ཁྲོམ་རའི་བརྟན་ལྷིང་སྲུང་སྐྱོང་། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་གཏིང་ཟབ་སྤེལ་བ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་པ་དང་ཀྲུང་གོའི་རིམས་འགོག་གཏམ་རྒྱུད་ཡག་པོ་ཤོད་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
    ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས་གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ། ཀྲུང་གུང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་གི་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ལ་སྤྱི་འདོམས་དང་བབ་བརླིང་ལྡན་པའི་སྒོ་ནས་ཁ་གཏད་བཅག་པ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་བྱེད་ཐབས་རབ་དང་རིམ་པ་འཕྲལ་ཐག་ཆོད་པོས་བཏོན་པ། དུས་ཡུན་ཟླ་བ་གཅིག་ལྷག་ཙམ་རིང་རིམས་ནད་མཆེད་པའི་འཕེལ་ཕྱོགས་བཀག་འགོག་རགས་ཙམ་ཐུབ་པ། དུས་ཡུན་ཟླ་བ་གཉིས་ལྷག་ཙམ་སྤྱད་དེ་ཡུལ་དེའི་ཉིན་ལྟར་འཕར་བའི་ནད་དཔེ་གྲངས་གནས་གཅིག་གི་ནང་ཚུན་དུ་ཚོད་འཛིན་བྱས་པ། དུས་ཡུན་ཟླ་བ་གསུམ་ལྷག་ཙམ་རིང་ཝུའུ་ཧན་སྲུང་སྐྱོང་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོང་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོ་ལྟར་གྱི་མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོའི་ངོས་ནས་བརྗོད་ན། གྲུབ་འབྲས་འདི་དག་ལས་སླ་པོར་ཐོབ་པ་ཞིག་མིན་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམིགས་བསལ་དུས་སུ་དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་དང་བསམ་བློ་གཅིག་ཏུ་གཏོང་བ་དང་། མཉམ་དུ་ལངས་པ། མཉམ་དུ་ལས་ཀ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་དང་ཕྱར་བ་གྲུ་འདེགས་དང་དཀའ་སྡུག་མཉམ་མྱོང་བྱས་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་འཕྲལ་མ་ཉིད་དུ་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་བརྡ་ཐོ་བཏང་སྟེ་རྒྱ་ཆེའི་ཁོངས་མིའི་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།ཤེས་ལྡན་པའི་ལེགས་ཆ་དང་། རིག་ནུས་ཀྱི་ལེགས་ཆ། འབྲེལ་གཏུག་རྒྱ་ཁྱབ་བྱེད་པའི་ལེགས་ཆ་བཅས་འདོན་སྤེལ་བྱས་ནས་དམངས་གཙོའི་ཏང་ཤོག་ཁག་གི་སྨན་དོན་མི་སྣ་ཁྲི་6ལྷག་ཙམ་སྒྲིག་འཛུགས་ཀྱིས་རིམས་ནད་ཀྱི་འཐབ་ས་དང་པོར་བསྐྱོད་པ་དང་རིམས་ནད་ཁྱབ་མཆེད་འགོག་པ་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རོགས་རམ། མངའ་ཁོངས་ཕྱི་ནས་རིམས་ནད་འགོ་བར་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་ཐབས་འདོན་ཇུས་འབུལ་བྱས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པ་དང་། དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་པ་དང་དུས་མཚུངས། རྒྱ་ཆེའི་ཁོངས་མི་འབོད་སྐུལ་བྱས་ནས་མ་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་བྱེད་རིང་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཤིང་། ཏང་སྲིད་དམག་དམངས་སློབ་གྲྭ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱིས་མཉམ་དུ་བྱ་སྤྱོད་སྤེལ་བ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འཕྲལ་མར་འབོད་སྐུལ་དང་ལེན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་པ་རེད། ང་ཚོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་ཀྱི་ཆེས་ཕུལ་བྱུང་གི་སྨན་པ་དང་། ཆེས་སྔོན་ཐོན་གྱི་སྒྲིག་ཆས། དགོས་མཁོ་ཆེ་ཤོས་ཀྱི་ཐོན་ཁུངས་བཅས་བསྡུ་རུབ་བྱས་ནས་ནུས་ཤུགས་ཡོད་རྒུས་ནད་ཡམས་སྐྱོབ་བཅོས་ལ་ཞུགས་པ་དང་། སྐྱོབ་བཅོས་ཀྱི་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱིས་འགན་ཁུར་ནས་ཞིབ་དཔྱད་ཚད་ལེན་བྱེད་ཚད་དང་དྲག་སྐྱེད་ཐུབ་ཚད་ཚད་མཐོ་ཤོས་ཀྱི་སྒོ་ནས་མཐོ་རུ་བཏང་བ་དང་། ནད་གཞི་འགོ་ཚད་དང་འཆི་ཚད་ཚད་མཐོ་ཤོས་ཀྱི་སྒོ་ནས་དམའ་རུ་བཏང་ཡོད། ང་ཚོས་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རྒྱལ་ཡོངས་སྐུལ་སློང་དང་དམངས་ཡོངས་ཞུགས་པ་དང་། མཉམ་དུ་སྔོན་འགོག་ཚོད་འཛིན་དང་མཉམ་འགོག་མཉམ་བཅོས་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་ནན་ཤོས་ཤིག་བཏོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མས་བྱ་ཐབས་མི་འདྲ་བར་བརྟེན་ནས་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ལ་ཞུགས་ཏེ་གཞོམ་ཞིག་མེད་པའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་ཡོད།
     ཞི་ཅིན་ཕིང་གིས་ཚང་མར་ཐུགས་རེ་གསུམ་བཏོན་གནང་བ་སྟེ། གཅིག་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་སྐྱོད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་སྟེ“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་སྐབས་བབ་ཀྱི་དཀའ་ངལ་ཁྱད་བསད་བྱེད་དགོས། གཉིས་ནས་རིམས་ནད་འགོག་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ནུས་པ་ཧུར་ཐག་བཏོན་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། སྔ་བལྟས་ཕྱི་བསམ་རང་བཞིན་གྱི་ཇུས་འགོད་དང་ཆོས་ཉིད་རང་བཞིན་གྱི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་ནས་ཡང་དག་གནད་སྨིན་གྱི་ལྟ་ཚུལ་འདོན་དགོས་པ་དང་།“བརྟན་པོ་དྲུག”གི་ལས་དོན་ལ་སྐུལ་འདེད་གཏོང་བ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་པར་རམ་འདེགས་བྱས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་དོ་ཁུར་ཟབ་མོ་བྱས་ནས་དོགས་གནད་སེལ་བའི་ལས་དོན་དུས་ཐོག་ཏུ་སྤེལ་བ་དང་། རིམས་འགོག་གི་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་དེ་གསུང་སྒྲ་ཡག་པོ་སྒྲོག་པ་དང་དྲང་ནུས་ཁྱབ་སྤེལ་བྱེད་དགོས།

  
style="display:none;"