མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་01ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཞི་ཅིན་ཞིང་གིས་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར་སྙིང་རུས་ཆེན་པོས་ཤེས་བྱ་སྦྱོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་བཟུང་ནས་བློ་རྩ་བརྟན་པོར་བཞུན་བརྡར་བྱེད་པ་དང་གཟུགས་པོར་སྦྱོང་བརྡར་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས་པ་ནན་གསུངས་གནང་བ་དང་།  རྒྱལ་ཡོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་ལ་བརྟེན་འབྲེལ་ཞུས་པ།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། ཟླ་5ཚེས་31ཉིན། རྒྱལ་སྤྱིའི་“དྲུག་གཅིག”བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་དུས་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་བྱིས་པ་ཚོར་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། 
    ཞི་ཅིན་ཕིང་གིས་བསྟན་དོན། ད་ཐེངས་རྒྱལ་ཡོངས་མི་དམངས་ཀྱིས་བློ་སེམས་གཅིག་སྒྲིལ་ངང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། རྒྱ་ཆེའི་ལོ་ཆུང་བྱིས་པས་ཀྱང་དམིགས་བསལ་གྱི་དུས་སྐབས་ཤིག་བརྒྱུད་ཡོད་པ་སྟེ། ཀྲུང་གོ་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱེད་པའི་བྱ་སྤྱོད་རླབས་པོ་ཆེ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ཏང་དང་སྲིད་གཞུང་གི་འབོད་སྐུལ་ཉན་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་ཏེ་རང་རྒྱལ་གྱི་ལོ་ཆུང་བྱིས་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད་པ་རེད། 
   ཞི་ཅིན་ཕིང་གིས་གཞོན་ནུ་སྟོབས་ལྡན་དུ་གྱུར་ན་རྒྱལ་ཁབ་སྟོབས་དང་ལྡན། དེང་རབས་ཀྱི་ཀྲུང་གོའི་ལོ་ཆུང་བྱིས་པ་རྣམས་ནི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ནང་བརྒྱུད་མྱོང་མཁན་དང་བདེན་དཔང་བྱེད་མཁན་ཡིན་ལ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གསར་པའང་དེ་བས་ཡིན། རྒྱ་ཆེའི་ལོ་ཆུང་བྱིས་པས་སྙིང་རུས་ཆེན་པོས་ཤེས་བྱ་སྦྱོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། བློ་རྩ་བརྟན་པོར་བཞུན་བརྡར་བྱེད་པ་དང་གཟུགས་པོར་སྦྱོང་བརྡར་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས། ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་དང་། སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་དགོས། གུང་གཞོན་སྡེ་ཚོགས་དང་། ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱ་རྒྱུར་དམིགས་ནས། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ཐུབ་པ་དང་། སྒྱུར་བཅོས་གསར་གཏོད་ཟམ་མི་ཆད་པར་བྱེད་པ། ལས་དོན་ཧུར་ཐག་སྤེལ་བ་བཅས་བྱས་ནས་ཏང་གི་ལོ་ཆུང་བྱིས་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་གསུངས་གནང་བ་རེད།  

  
style="display:none;"