མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་ཤིན་ཅང་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམིགས་
ནས་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་14ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཉེ་ཆར་ཤིན་ཅང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཤིན་ཅང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། ཤིན་ཅང་གི་ལས་དོན་ཡག་པོ་བསྒྲུབ་པའི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཁྲིམས་ལྟར་ཤིན་ཅང་སྐྱོང་བ་དང་། མཐུན་སྒྲིལ་ལ་བརྟེན་ནས་ཤིན་ཅང་བརྟན་ལྷིང་ཡོང་བ་བྱེད་པ། ཡུན་རིང་ཤིན་ཅང་འཛུགས་སྐྲུན་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་གི་ཕན་འབྲས་སྔར་བས་བརྟན་དུ་བཏང་སྟེ་གཞི་རྩ་དང་། རྨང་གཞི། ཡུན་རིང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡུན་རིང་བདེ་འཁོད་ཀྱི་གཞི་རྩ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
   ཚེས་8ནས་12ཉིན་བར་དབང་དབྱང་པ་དབྱིན་ཀོ་ལེང་དང་། ཧོ་ཐན། ཁ་ཧྲི། ཁེ་ཙི་ལེ་སུའུ། པིང་ཐོན་ཧྲི་གསུམ་པ་སོགས་སུ་ཕེབས་ནས་གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ། ཁེ་ལས། གྲོང་རྡལ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་ལ་བརྟག་ཞིབ་གནང་བ་མ་ཟད། ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཀྱི་བསམ་འཆར་དང་གྲོས་འགོའང་གསན་པ་རེད། ཁོང་གིས། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཤིན་ཅང་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དུས་རབས་གསར་པའི་ཏང་གིས་ཤིན་ཅང་སྐྱོང་བའི་མཛད་ཇུས་ཤེས་རྟོགས་དང་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་གྲུབ་པའི་བྱ་ཐབས་དང་ཐབས་ཤེས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ནས་ཤིན་ཅང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་བྱས་ཏེ་དཀའ་ཚེགས་དང་ཞིབ་ཚགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་པ་མ་ཟད། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོར་སྐུལ་འདེད་ཀྱང་བཏང་ཡོད་ཅེས་གསུངས་པ་རེད།
    དབང་དབྱང་གིས། མི་རིགས་ཆོས་ལུགས་ལས་དོན་དེ་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམ་པོར་དམིགས་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་། 
     ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་ཁག་དང་རིགས་ཁག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། མི་རིགས་ཁག་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་གཏན་འགོག ཐལ་དྲགས་པ་བཀག་འགོག སིམ་འཛུལ་གཏན་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱེད་པ་དང་། དད་ལྡན་མང་ཚོགས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ཤིན་ཅང་དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་གྱི་སྤྱི་ཚོགས་རྨང་གཞི་བརྟན་དུ་བཏང་ནས་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་དེ་བས་ཡག་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"