མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་24ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཞན་ཆ་སེལ་བ་དང་ནང་མཁོ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་བཀོད་སྒྲིག་གནང་བ་དང་།    ཐབས་ལམ་མང་པོའི་ཐོག་ནས་བབ་བསྟུན་ལས་ཞུགས་བྱེད་པའི་བྱེད་ཐབས་གཏན་འཁེལ་དང་རྒྱབ་སྐྱོར་བྱས་ཏེ་གྲོང་མིའི་ལས་ཞུགས་དང་ཡོང་འབབ་མང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་འཚོགས་ཏེ་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཞན་ཆ་སེལ་བ་དང་ནང་མཁོ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་བཀོད་སྒྲིག་གནང་བ་དང་། ཐབས་ལམ་མང་པོའི་ཐོག་ནས་བབ་བསྟུན་ལས་ཞུགས་བྱེད་པའི་བྱེད་ཐབས་གཏན་འཁེལ་དང་རྒྱབ་སྐྱོར་བྱས་ཏེ་གྲོང་མིའི་ལས་ཞུགས་དང་ཡོང་འབབ་མང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་གནང་བ་རེད།
   ཚོགས་འདུའི་ཐོག་བསྟན་དོན། མི་ལྟེ་བར་འཛིན་པའི་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་གནས་ས་དང“གསར་པ་གཉིས་དང་གཙོ་གནད་གཅིག”འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཡིན་པས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། དཔལ་འབྱོར་གྱི་གཞི་རྩའི་འཆར་གཞི་དམ་འཛིན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་གཙོ་གནད་གཞིར་བཟུང་གྲོང་ཁྱེར་གྱི་ཞན་ཆའི་ཁྱབ་ཁོངས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ཞིང་པ་གྲོང་ཁྱེར་དུ་ལས་ཞུགས་དང་གཞིས་ཆགས་པའི་དགོས་མཁོར་དམིགས་ནས་རྫོང་གྲོང་གི་སྤྱི་པའི་སྒྲིག་བཀོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།
   ཚོགས་འདུའི་ཐོག་བསྟན་དོན། འདི་ལོའི་ལས་ཞུགས་དུས་བབ་ཛ་དྲག་ཆེ་བས་བབ་བསྟུན་ལས་ཞུགས་ཀྱི་གཞི་ཁྱོན་ཆེ་བ་དང་བར་མཐོངས་ཆེན་པོ་ཡོད་པ་དེ་ནི་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ས་གནས་དང་ལྷག་པར་དུ་གྲོང་ཁྱེར་དང་། ས་ཁུལ། རྫོང་བཅས་ཀྱི་སྲིད་གཞུང་གི་འགན་འཁྲི་ནན་དུ་བཏང་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་བརྒྱུད་བབ་བསྟུན་ལས་ཞུགས་ཀྱི་ལུགས་དང་མི་མཐུན་པའི་ཚོད་འཛིན་མེད་པ་བཟོས་ཏེ་ངལ་རྩོལ་པར་ལུགས་མཐུན་དང་གོ་རིམ་ལྡན་པའི་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།
   ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད། 

  
style="display:none;"