མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ བརྒྱད་པ་འཚོགས་
པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་25ཉིན། 19:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་དུས་རབས་ཀྱི་མི་སྣ་གསར་པ་སྐྱེད་སྲིང་བྱས་ཏེ་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིར་གུང་ཁྲན་རིང་ལུགས་བྱ་གཞག་གི་ཤུལ་འཛིན་པ་བྱ་རྒྱུའི་མཐུན་སྒྲིལ་དང་། སློབ་གསོ། སྣེ་ཁྲིད་བཅས་བྱེད་དགོས་པའི་ནན་བཤད་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་སྔ་དྲོ། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
   ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ལོ་ཆུང་གདོང་ལེན་རུ་ཁག་ནི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་གྱི་གྲ་སྒྲིག་རུ་ཁག་ཅིག་རེད། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིས་ལོ་ཆུང་གདོང་ལེན་རུ་ཁག་ཅེས་པའི་སློབ་གྲྭ་ཆེ་མོ་དེའི་ནང་ཕུགས་བསམ་དོན་གཉེར་དང་། ཀུན་སྤྱོད་བློ་སྦྱོང་། ཡོན་ཏན་སྦྱོང་བ་བཅས་བྱས་ཏེ་ཆུང་དུས་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཆགས་པ་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས་ཞེས་གསུངས་ཡོད།
   ཞི་ཅིན་ཕིང་གིས་དུས་རབས་གསར་པར་ལོ་ཆུང་གདོང་ལེན་རུ་ཁག་གིས་རུ་ཁག་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། དུས་རབས་ཀྱི་མི་སྣ་གསར་པ་སྐྱེད་སྲིང་བཅས་བྱས་ཏེ་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིར་གུང་ཁྲན་རིང་ལུགས་བྱ་གཞག་གི་ཤུལ་འཛིན་པ་བྱ་རྒྱུའི་མཐུན་སྒྲིལ་དང་། སློབ་གསོ། སྣེ་ཁྲིད་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ལོ་ཆུང་གདོང་ལེན་རུ་མིའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་རིམ་ཁག་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ཧྲིལ་པོས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཆ་རྐྱེན་བཟང་པོ་མཁོ་འདོན་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་སྣེ་ཁྲིད་དེ་རང་འགན་གཙང་སྒྲུབ་དང་འབད་འབུངས་ཡར་བརྩོན་བྱས་ཏེ་སྐེ་དར་དམར་པོར་དུས་རབས་གསར་པའི་གཟི་བརྗིད་སྣོན་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"