མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་བརྒྱད་གཅིག་གི་སྔ་ནུབ་ཏུ་མཁའ་དམག་མཁའ་སྐྱོད་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་སྒྱུར་
བཅོས་དང་གསར་གཏོད་གཏིང་ཟབ་ཏུ་བཏང་ནས་སློབ་གཉེར་མི་སྐྱོང་གི་ཆུ་ཚད་རྒྱུན་
མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་25ཉིན། 19:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་བརྒྱད་གཅིག་གི་སྔ་ནུབ་ཏུ་མཁའ་དམག་མཁའ་སྐྱོད་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་སྒྱུར་
བཅོས་དང་གསར་གཏོད་གཏིང་ཟབ་ཏུ་བཏང་ནས་སློབ་གཉེར་མི་སྐྱོང་གི་ཆུ་ཚད་རྒྱུན་
མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ།

   བརྒྱད་གཅིག་དམག་འཛུགས་དུས་ཆེན་འཆར་ལ་ཉེ་བའི་སྐབས་ཏེ་ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཁའ་དམག་མཁའ་སྐྱོད་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། སློབ་གྲྭའི་དགེ་སློབ་དང་ལས་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་གི་དཔོན་དམག ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་མི་མེད་གནམ་གྲུའི་བཀོལ་སྤྱོད་སློབ་ཁྲིད་སྒྲིག་ཆས་ལ་གཟིགས་པ་དང་མི་མེད་གནམ་གྲུའི་བཀོལ་སྤྱོད་སྦྱོང་བརྡར་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་གི་དཔོན་དམག་ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།
   ■ དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་བཅས་ལག་བསྟར་བྱས་ཏེ། སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་ཏུ་དང་སློབ་གཉེར་མི་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སློབ་གྲྭ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས། 
   ■ དུས་བབ་གསར་པ་དང་ལས་འགན་གྱི་བླང་བྱ་དང་འཚམ་པ་བྱེད་པ་དང་། སློབ་གཉེར་གྱི་དམིགས་ཡུལ་ལ་དམ་པོར་གཞིགས་པ། རྩེ་རིམ་ཇུས་བཀོད་དང་ཕུགས་ཕན་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་དེ་ཉིད་འཕེལ་རྒྱས་ཀྱི་འཆར་འགོད་དང་དངོས་གཉེར་བྱ་ཐབས་ལ་འགྱུར་བ་བྱ་རྒྱུ་དེ་སློབ་གཉེར་དང་སློབ་གྲྭ་སྐྱོང་བའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་འཁྱོལ་བ་བྱེད་དགོས།
   ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཁྲུན་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། བརྒྱད་གཅིག་དམག་འཛུགས་དུས་ཆེན་འཆར་ལ་ཉེ་བའི་སྐབས་ཏེ་ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཁའ་དམག་མཁའ་སྐྱོད་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། སློབ་གྲྭའི་དགེ་སློབ་དང་ལས་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་གི་དཔོན་དམག ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་བཅས་ལག་བསྟར་བྱས་ཏེ། སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་ཏུ་དང་སློབ་གཉེར་མི་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སློབ་གྲྭ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད། 
   ཟླ་བ་བདུན་པའི་བྱང་ཤར་ས་གཞི་ཆེ་མོར་སྔོ་ལྗང་ལོ་འདབ་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་ཞི་ཅིན་ཕིང་མཁའ་དམག་མཁའ་སྐྱོད་སློབ་ཆེན་དུ་ཕེབས་ཤིང་། སློབ་གྲྭའི་མཁའ་སྐྱོད་ཁང་དུ་ཞི་ཅིན་ཕིང་གིས་བྱང་ཤར་མཁའ་སྐྱོད་སློབ་གྲྭ་རྙིང་པའི་སྙིང་སྟོབས་འགྲེམས་སྟོན་དང་སློབ་གྲྭ་འཛུགས་སྐྲུན་གྱི་འགྲེམས་སྟོན་ལ་གཟིགས་པ་རེད། བྱང་ཤར་མཁའ་སྐྱོད་སློབ་གྲྭ་རྙིང་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་མཁའ་སྐྱོད་སློབ་གྲྭ་དང་པོ་དེ་རེད། འདིར་ཚང་མས་མཐུན་སྒྲིལ་འབད་འཐབ་དང་། དཀའ་སྤྱད་ལས་གཏོད། ལེགས་སྐྱེས་ཧུར་ཐག་འབུལ་བ། ལམ་གསར་པ་གསར་གཏོད་བཅས་བྱས་པ་ལས་བྱང་ཤར་མཁའ་སྐྱོད་སློབ་གྲྭ་རྙིང་པའི་སྙིང་སྟོབས་ཤིག་དར་སྤེལ་བྱུང་ཡོད། ཞི་ཅིན་ཕིང་གིས་ཚང་མར་གཟི་བརྗིད་ལྡན་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་བྱང་ཤར་མཁའ་སྐྱོད་སློབ་གྲྭ་རྙིང་པའི་སྙིང་སྟོབས་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་བཀའ་མངགས་གནང་བ་རེད།
   སྦྱོང་བརྡར་ཐང་དུ་འཕུར་སྐྱོད་སློབ་མ་ཚོ་ཆེད་དོན་རྩལ་ནུས་དང་མགོ་འཁྱོམ་འགོག་ཐབས་ཀྱི་སྦྱོང་བརྡར་བྱེད་བཞིན་ཡོད། དེང་རབས་ཀྱི་མཁའ་སྐྱོད་དམག་འཐབ་ཀྱིས་འཕུར་སྐྱོད་མི་སྣར་ལུས་སེམས་གཉིས་ཀའི་བྱང་ཚད་མཐོ་པོ་དགོས་པའི་བླང་བྱ་བཏོན་ཡོད་པས། སློབ་གྲྭས་དོ་མཉམ་ལུས་སྦྱོང་དང་། འགྲིལ་འཁོར། འཁོར་སྐས་སོགས་ཀྱི་སྦྱོང་བརྡར་བཀོད་སྒྲིག་བྱས་ཡོད། ཞི་ཅིན་ཕིང་སྦྱོང་བརྡར་ཐང་དུ་ཕེབས་ཤིང་། འཕུར་སྐྱོད་སློབ་མས་འཁོར་སྐས་སྦྱོང་བརྡར་བྱེད་བཞིན་པ་གཟིགས་སྐབས་ཁོང་གིས་ཚང་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད། 
   ཐག་མི་རིང་བའི་སར་རྩལ་ནུས་སྦྱོང་བརྡར་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་དེ་དག་ལ་སོ་སོའི་ཁྱད་ཆོས་ལྡན་པ་དང་ཞི་ཅིན་ཕིང་གིས་ཕེབས་ཞོར་དུ་གཟིགས་པ་རེད། ཐེག་ཚད་འགོག་པའི་ནུས་པའི་སྦྱོང་བརྡར་འཕྲུལ་འཁོར་ནི་སློབ་གྲྭ་དེས་རང་བརྟེན་ཞིབ་བཟོ་བྱས་པའི་སྦྱོང་བརྡར་ཡོ་བྱད་ཡིན་ཞིང་། སློབ་མ་ཚོས་སྦྱོང་བརྡར་ནན་ཏན་བྱེད་བཞིན་པར་ཞི་ཅིན་ཕིང་གིས་ཞིབ་ཕྲ་གཟིགས་ཤིང་། ཞི་ཅིན་ཕིང་གིས་འཕུར་སྐྱོད་སློབ་མ་ཚོར་སློབ་སྦྱོང་ཡག་པོ་དང་། དཀའ་སྤྱད་སྦྱོང་བརྡར། ཚན་རིག་དང་མཐུན་པའི་སྦྱོང་བརྡར་བཅས་བྱས་ཏེ། སྔ་ཙམ་འཕུར་སྐྱོད་པར་འགྱུར་བ་བྱས་ནས་དམག་དཔུང་སྟོབས་ཆེན་དང་དམག་དཔུང་དར་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།
   དེ་རྗེས། ཞི་ཅིན་ཕིང་མི་མེད་གནམ་གྲུའི་ཚོད་ལྟ་ཁང་དུ་ཕེབས་ཏེ་མི་མེད་གནམ་གྲུའི་བཀོལ་སྤྱོད་སློབ་ཁྲིད་སྒྲིག་ཆས་ལ་གཟིགས་པ་དང་མི་མེད་གནམ་གྲུའི་བཀོལ་སྤྱོད་སྦྱོང་བརྡར་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཞི་ཅིན་ཕིང་གིས་ད་ཆ་མི་མེད་གནམ་གྲུ་སྣ་ཚོགས་ཐོན་མུས་ཡིན་པས། མི་མེད་དམག་འཐབ་ལས་དམག་འཐབ་རྣམ་པར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། མི་མེད་དམག་འཐབ་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་དང་། མི་མེད་གནམ་གྲུའི་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན། དངོས་འཐབ་ཅན་གྱི་སློབ་གསོ་སྦྱོང་བརྡར་ལ་ཤུགས་སྣོན་བཅས་བརྒྱབ་ནས་མི་མེད་གནམ་གྲུ་བེད་སྤྱོད་དང་བཀོད་འདོམས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་མགྱོགས་པོ་བྱེད་དགོས་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་སློབ་གྲྭའི་ལས་དོན་སྐོར་གྱི་སྙན་སེང་གསན་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དུས་བབ་གསར་པ་དང་ལས་འགན་གྱི་བླང་བྱ་དང་འཚམ་པ་བྱེད་པ་དང་། སློབ་གཉེར་གྱི་དམིགས་ཡུལ་ལ་དམ་པོར་གཞིགས་པ། རྩེ་རིམ་ཇུས་བཀོད་དང་ཕུགས་ཕན་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་དེ་ཉིད་འཕེལ་རྒྱས་ཀྱི་འཆར་འགོད་དང་དངོས་གཉེར་བྱ་ཐབས་ལ་འགྱུར་བ་བྱ་རྒྱུ་དེ་སློབ་གཉེར་དང་སློབ་གྲྭ་སྐྱོང་བའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས། འཕུར་སྐྱོད་ཤེས་ལྡན་མི་སྣའི་འཚར་ལོངས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་གཏོང་ཐབས་ལེགས་སུ་གཏོང་བ། སྦྱོང་བརྡར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གསོ་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། མཁའ་དམག་གི་ཕྱོགས་སྒྱུར་འཛུགས་སྐྱོང་གི་གནས་བབ་ཧྲིལ་པོར་གཞིགས་ཏེ། རིག་ལམ་འདུ་ཤེས་གསར་བརྗེ་དང་། དམག་དོན་ཤེས་ལྡན་མི་སྣར་སྦྱོང་བརྡར། དམག་དོན་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག རྒྱལ་སྲུང་ཚན་རྩལ་གསར་གཏོད་སོགས་ཀྱི་ལས་དོན་ཧུར་ཐག་སྒྲུབ་དགོས། འཛམ་གླིང་དམག་དོན་གསར་བརྗེ་གསར་པའི་གོམ་བགྲོད་དང་བསྟུན་ཏེ་གསར་དར་ཁྱབ་ཁོངས་ཀྱི་སྔོན་ཇུས་འདིང་རྒྱུར་ཤུགས་སྣོན་དང་། སྔོན་ཐོན་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན། རྣམ་པ་གསར་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བཅས་བརྒྱབ་ནས་རྣམ་པ་གསར་པའི་དམག་འཐབ་ནུས་པ་མགྱོགས་མྱུར་གསོ་སྐྱོང་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས། མཁའ་དམག་དང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པས་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་ནས་འགལ་ཟླ་དང་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་རོགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

  
style="display:none;"