མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོའི་འགོ་ཚུགས་མཛད་སྒོར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་28ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོ་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
   ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་སྐབས་སུ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ཏེ་དུས་བཀག་ལྟར་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོ་གཉེར་བ་དེ་ཐོག་ནས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་དམིགས་བསལ་རང་བཞིན་གང་ལེགས་མངོན་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་དང་མཉམ་དུ་དུས་ངལ་མཉམ་སེལ་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དེ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་སྟོབས་ཆེའི་སྒུལ་ཤུགས་སུ་སྒྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་འགན་འཁུར་མཁན་གྱི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་དང་ཤུགས་རྐྱེན་ནུས་པ་གལ་ཆེན་ལྡན་པའི་ཚན་རྩལ་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་དུས་རབས་ཀྱི་རླབས་རྒྱུན་ལ་བསྟུན་པ་དང་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་སྟངས་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཚན་ཞིབ་ལས་དོན་པ་དང་ཚན་རྩལ་ལས་རིགས་ཀྱིས་ཕྱོགས་མང་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་པ་བཅས་ཀྱི་སྤེལ་རེས་མཉམ་ལས་སྤེལ་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
    ཕུའུ་ཅིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཚན་རྩལ་གསར་གཏོད་ནི་མིག་སྔའི་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མདུན་ལམ་ཆེན་པོ་ལྡན་པའི་མཉམ་ལས་ཁྱབ་ཁོངས་ཀྱི་གྲས་ཤིག་ཡིན་པ་དེས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་འབྱུང་འགྱུར་གཏན་འཁེལ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྐྱེན་ལྡན་ཡོད། ད་ཐེངས་ཀྱི་ཚན་རྩལ་གསར་གཏོད་ལོའི་སྒྲོམ་གཞིའི་འོག་གི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་ཚན་ཞིབ་དང་། འགྲེམས་སྟོན། རིག་གཞུང་སྤེལ་རེས་སོགས་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་ཚུད་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། གསོ་རིག ཚན་ཞིབ་སྡེ་ཚན་བཅས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ། གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་རྒྱུར་རྒྱ་ཁྱབ་ཀྱི་ཤུགས་རྐྱེན་ལྡན་ཡོད། ཚན་རྩལ་གསར་གཏོད་ལོ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་ཨུ་ཀྲུང་གི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་ཟམ་མི་ཆད་པར་ནང་དོན་གསར་པ་བསྣན་ཐུབ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
    2019ལོའི་ཟླ་དྲུག་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་རིང་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་2020ལོ་དང་2021ལོར་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོ་གཉེར་རྒྱུའི་ཁྱབ་བསྒྲགས་གནང་ཞིང་། འདི་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“ཚན་རྩལ་གསར་གཏོད”ཀྱི་བརྗོད་དོན་གཙོ་བོའི་རྒྱལ་ཁབ་ལོ་གཉེར་ཐེངས་དང་པོ་དེ་ཡིན་པ་རེད།

  
style="display:none;"