མི་དམངས་དྲ་བ།>>ཞི་ཅིན་ཕིང་།

༄༅།།ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་13ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་9ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་9ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

    ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ནན་བཤད་གནང་དོན། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་བྱས་ཏེ་ཚན་རིག་ལག་རྩལ་གྱི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པའི་ཕྱོཌ་སུ་འབད་བརྩོན་བྱེད་དགོས།
   ■ རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུར་ཚན་རིག་ལག་རྩལ་གྱི་ཐག་གཅོད་ཇུས་གཞི་དེ་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་དེ་བས་མཁོ་བ་དང་། སྒུལ་ཤུགས་དང་པོ་ཡིན་པའི་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་བས་མཁོ་གི་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པར་ཚན་རིག་གི་ཡང་རྩེར་འཛེགས་པའི་ཆོད་སེམས་དང་། སྙིང་སྟོབས། ནུས་པ་བཅས་ཡོད། རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པ་ཚོས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་ཏེ། ཚན་རིག་ལག་རྩལ་གྱི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པའི་་ཕྱོགས་སུ་ཟམ་མི་ཆད་པར་འབད་བརྩོན་བྱེད་དགོས།
   ■ རང་རྒྱལ་ལ་གྲངས་འབོར་ཧ་ཅང་མང་བའི་ཚན་རྩལ་ལས་དོན་པ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཞིབ་སྤེལ་གྱི་མ་འཇོག་ཡོད་པས་འགག་རྩ་ནི་ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱས་ནས། རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པ་ཚོར་འཇོན་ཐང་འདོན་པའི་གར་སྟེགས་བསྐྲུན་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོན་པ་བྱ་རྒྱུ་དེ་ཡིན། 
   ■ ཚན་རིག་གྲུབ་འབྲས་དེ་བསམ་པའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ནི་ཚན་རྩལ་ལས་དོན་པ་ཚོས་ཡུན་རིང་གི་ཚན་རིག་ལག་ལེན་ཁྲོད་བསགས་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་གསར་གཏོད་བྱེད་ཕོད་པའི་བརྗིད་ཆེའི་བློ་སྟོབས་ལ་བརྟེན་ནས། རིགས་པའི་གཞུང་ལུགས་གསར་པ་འདོན་ཕོད་པ་དང་། ཁྱབ་ཁོངས་གསར་པ་གཏོད་པ། ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ་ཐུན་མོང་མ་ཡིན་པའི་གསར་གཏོད་ཐད་ཐུན་མོང་ལ་དབང་བའི་འབད་བརྩོན་བྱེད་དགོས། ཆུ་ཚད་མཐོ་བའི་ཐོག་མའི་གསར་གཏོད་གྲུབ་འབྲས་མང་ཙམ་བཏོད་དེ་ཚན་རིག་མ་ལག་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་འབུལ་དགོས། 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་9ཚེས་11ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་བསམ་འཆར་གསན་ཞིང་། ཁོང་གིས་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུར་ཚན་རིག་ལག་རྩལ་གྱི་ཐག་གཅོད་ཇུས་གཞི་དེ་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་དེ་བས་མཁོ་བ་དང་། སྒུལ་ཤུགས་དང་པོ་ཡིན་པའི་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་བས་མཁོ་གི་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པར་ཚན་རིག་གི་ཡང་རྩེར་འཛེགས་པའི་ཆོད་སེམས་དང་། སྙིང་སྟོབས། ནུས་པ་བཅས་ཡོད། རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པ་ཚོས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་ཏེ། ཚན་རིག་ལག་རྩལ་གྱི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པའི་ཕྱོགས་སུ་ཟམ་མི་ཆད་པར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
   བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཞུས་ཁོང་ཏི་དང་། ཆིང་ཧྭ་སློབ་ཆེན་སྣོལ་འདྲེས་ཆ་འཕྲིན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཆེ་ཀྲི། ཤིས་ཧུའུ་སློབ་ཆེན་གྱི་སློབ་སྤྱི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཧྲེ་དབྱི་ཀུང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཁྲེན་ཙུའོ་ཉིང་། ཨ་ལི་པ་པ་ཚོགས་པའི་ལག་རྩལ་ཨུ་ལྷན་གྱི་ཀྲུའུ་ཞི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཅན། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཧྥུའུ་ཆའོ་མེ། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཏའེ་ཝེ་སོགས་ཚན་རིག་མཁས་ཅན་གྱི་འཐུས་མི་7གྱིས་སྔ་རྗེས་སུ་གཏམ་བཤད་གནང་ནས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་མཁན་ཚན་རིག་མཁས་ཅན་ཚང་མ་དང་སྤེལ་རེས་གནང་བ་དང་འབྲེལ། ཚན་རྩལ་གྱི་གནད་དོན་གལ་ཆེན་དང་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གསར་གཏོད་ཀྱི་གནད་དོན་ཁག་གཅིག་ཐད་གྲོས་བསྡུར་གཏིང་ཟབ་གནང་བ་རེད།
   ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཚང་མས་གཏམ་བཤད་ཡག་པོ་གནང་སོང་། རང་སོ་སོའི་ཞིབ་འཇུག་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་སོང་། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་བསྡུ་ལེན་ནན་ཏན་བྱེད་དགོས་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཚན་རྩལ་གསར་གཏོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གསར་གཏོད་དེ་ཉིད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དང་མདུན་གྲལ་གྱི་ཁྱབ་ཁོངས་ཁག་གཅིག་མཉམ་དུ་བསྐྱོད་པ་དང་སྔོན་ལ་བསྐྱོད་འགོ་ཚུགས་པའི་དུས་མཚམས་སུ་སླེབས་ཡོད། ཚན་རྩལ་གྱི་དངོས་ཤུགས་གྲངས་འབོར་གྱི་གསོག་འཇོག་ནས་སྤུས་ཚད་ཀྱི་འཕུར་མཆོང་གི་ཕྱོགས་སུ་བསྐྱོད་པ་དང་། གནས་ཀྱི་ཚད་བརྒལ་ནས་ཁྱབ་ཁོངས་ཀྱི་ནུས་པ་མཐོར་གཏོང་གི་ཕྱོགས་སུ་བསྐྱོད་ཡོད། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ནང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་སྨན་བཅོས་དང་། རིམས་འགོག་སྨན་ཁབ་ཞིབ་སྤེལ། སྔོན་འགོག་དང་ཚོད་འཛིན་སོགས་ཁྱབ་ཁོངས་གལ་ཆེན་མང་པོར་ཚན་ཞིབ་འགག་སྒྲོལ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ་མ་ཟད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། གོ་སྐབས་འདི་དང་བསྟུན་ནས་ངས་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་གིས་ལོ་བརྒྱའི་རིང་འཕྲད་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་བ། རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་དང་དེ་བཞིན་དེ་བས་རིང་བའི་དུས་སྐབས་ཀྱི་འཕེལ་རྒྱས་བཅས་ཀྱིས་ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་རྒྱུར་དེ་བས་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་བཏོན་ཡོད། ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཞིག་དང་། སྤུས་ཚད་མཐོ་བའི་མི་དམངས་ཀྱི་འཚོ་བ་མངོན་འགྱུར་བྱེད་པའི་དགོས་མཁོ་ཞིག འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་པའི་དགོས་མཁོ་ཞིག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་བདེ་བླག་ངང་འགོ་འཛུགས་རྒྱུའི་དགོས་མཁོ་ཞིག་བཅས་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་ལ་གྲངས་འབོར་ཧ་ཅང་མང་བའི་ཚན་རྩལ་ལས་དོན་པ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཞིབ་སྤེལ་གྱི་མ་འཇོག་ཡོད་པས་འགག་རྩ་ནི་ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱས་ནས། རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པ་ཚོར་འཇོན་ཐང་འདོན་པའི་གར་སྟེགས་བསྐྲུན་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོན་པ་བྱ་རྒྱུ་དེ་ཡིན། དགོས་མཁོའི་ཕྱོགས་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས། མགྱོགས་མྱུར་འགག་སྒྲོལ་དང་དུས་ཐོག་ཏུ་གནད་དོན་ཐག་གཅོད་ཐུབ་པའི་ལག་རྩལ་དམ་འཛིན་བྱས་ནས་སྐུལ་འདེད་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་ཁོངས་སུ་གཏོགས་པ་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པའི་ལག་རྩལ་སྔོན་ཚུད་ནས་བཀོད་སྒྲིག་བྱེད་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་གཅིག་སྡུད་ལེགས་སྒྱུར་བྱེད་པ་དང་། གསར་གཏོད་མ་ལག་འཛུགས་སྐྱོང་དམ་འཛིན་ནན་པོ་བྱེད་པ། ལེགས་ཆ་སྡེབ་སྒྲིག་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་ཁག་གཅིག་གྲབས་འཛུགས་བྱེད་པ་དང་། རང་རྒྱལ་གྱི་ཚོད་ལྟ་ཁང་གི་མ་ལག་གྲུབ་པ། ཚན་ཞིབ་ཁྲོད་ཀྱི་མཐོ་སློབ་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བཅས་བྱས་ཏེ་ཁྱབ་ཁོངས་གལ་ཆེན་གྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཟོ་བ་དང་། རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཚད་མང་དུ་གཏོང་བ། ནོར་སྲིད་དང་། དངུལ་རྩ། ཁྲལ་འབབ་སོགས་ཀྱི་ཐད་ནས་དགོས་ངེས་ཀྱི་སྲིད་ཇུས་རྒྱབ་སྐྱོར་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་ཕན་པའི་ཚན་ཞིབ་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། ཚན་རིག་གི་གདེང་འཇོག་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཟམ་མི་ཆད་པར་མཐའ་འཁྱོངས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསར་གཏོད་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་གསོ་དེ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་འཇོག་པ་དང་། སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། རྩིས་རིག་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས་སོགས་རྨང་གཞིའི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆ་རྐྱེན་འཛོམས་པའི་མཐོ་སློབ་ཀྱིས་རྨང་གཞིའི་ཞིབ་འཇུག་དང་སྣོལ་འདྲེས་རིག་ཚན་གྱི་འབྲེལ་ཡོད་རིག་ཚན་གྱི་ཆེད་ལས་བཀོད་སྒྲིག་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་བྱེད་པ། རྨང་གཞིའི་རིག་ཚན་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སློབ་མའི་གསར་གཏོད་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་གྲུབ་འབྲས་དེ་བསམ་པའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ནི་ཚན་རྩལ་ལས་དོན་པ་ཚོས་ཡུན་རིང་གི་ཚན་རིག་ལག་ལེན་ཁྲོད་བསགས་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པར་འཛིན་པ། མེས་རྒྱལ་བློ་ལ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཚན་རིག་མཁས་ཅན་མི་རབས་རྒན་གྲས་ཀྱི་ཕུལ་བྱུང་སྤྱོད་བཟང་རྒྱུན་འཛིན་དང་དར་སྤེལ་གཏོང་བ། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ། རང་འགུལ་ངང་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ་བཅས་བྱས་ནས་རང་ཉིད་ཀྱིས་ཚན་རིག་དོན་གཉེར་བྱས་པ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རླབས་ཆེན་བྱ་གཞག་ནང་མཉམ་འདྲེས་བྱ་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་གསར་གཏོད་བྱེད་ཕོད་པའི་བརྗིད་ཆེའི་བློ་སྟོབས་ལ་བརྟེན་ནས། རིགས་པའི་གཞུང་ལུགས་གསར་པ་དོན་གཉེར་བྱེད་ཕོད་པ་དང་། ཁྱབ་ཁོངས་གསར་པ་གཏོད་པ། ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ་ཐུན་མོང་མ་ཡིན་པའི་གསར་གཏོད་དང་རང་ཉིད་ལ་དབང་བའི་ཐད་འབད་བརྩོན་བྱེད་དགོས། ཆུ་ཚད་མཐོ་བའི་གྲུབ་འབྲས་གསར་ཤོས་མང་ཙམ་བཏོད་དེ་ཚན་རིག་མ་ལག་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་འབུལ་དགོས། ཚན་རྩལ་ལས་དོན་པ་ཚོས་རང་ཉིད་ཀྱི་ཚན་ཞིབ་བྱ་གཞག་ལ་བློ་རྩེ་གཅིག་ཏུ་གཞོལ་ཏེ་འབད་པ་ཆེན་པོས་བརྩོན་ཞིབ་བྱེད་པ་དང་། སྙན་གྲགས་ཁོ་ན་དོན་གཉེར་མི་བྱེད་པ། ཁེ་གྲགས་མི་གཉེར་བ་བཅས་བྱ་རྒྱུར་སྐུལ་ལྕག་བྱེད་དགོས། འཚོལ་ཞིབ་བྱེད་ཕོད་པ་དང་ཚན་རིག་ལ་ལེགས་སྐྱེས་འབུལ་བའི་ཚན་རྩལ་ལས་དོན་པའི་ངོ་མཚར་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་དགོས།
   ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ཚན་རྩལ་གསར་གཏོད་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱས་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསྟུན་ཏེ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ཐོན་སྐྱེད་ནུས་ཤུགས་དངོས་ལ་འགྱུར་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ཚོས་ཚན་རིག་ཤེས་བྱ་གསར་པ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གོ་ལ་ཅན་གྱི་ཚན་རྩལ་འཕེལ་ཕྱོགས་ལ་དོ་ཁུར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"