མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་དང་ཞལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་16ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་9ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤེར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུང་ཏེ་ལའེ་ཨེན་བཅས་དང་ཞལ་འཛོམས་གནང་ཞིང་། ཞལ་འཛོམས་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་གནང་བ་རེད།

ཟླ་9ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤེར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུང་ཏེ་ལའེ་ཨེན་བཅས་དང་ཞལ་འཛོམས་གནང་ཞིང་། ཞལ་འཛོམས་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་གནང་བ་རེད། 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤེར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུང་ཏེ་ལའེ་ཨེན་བཅས་པ་དང་ཞལ་འཛོམས་གནང་ཞིང་། ཞལ་འཛོམས་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་གནང་བ་རེད། ཀྲུང་གོ་དང་། འཇར་མན། ཡོ་རོབ་མནའ་འབྲེལ་བཅས་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་བསམ་འཆར་བརྗེ་རེས་གནང་བ་དང་། དུས་མཚམས་རྗེས་མའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བའི་ཁ་ཕྱོགས་གཏན་འཁེལ། གཙོ་གནད་ཁྱབ་ཁོངས་གཏན་འཁེལ། འབྲེལ་གཏུག་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མོས་མཐུན་གཅིག་གྱུར་བྱུང་བ། སླད་ཕྱིན་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཆབ་སྲིད་གྲོས་རིམ་གལ་ཆེན་རབ་དང་རིམ་པར་གྲུབ་འབྲས་ཐོབ་པའི་འགན་ལེན་བཅས་བྱས་ཏེ་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། གཉིས་ཕན་གཉིས་ཁེ་ཡོང་བ་བྱེད་པ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཕྱོགས་གཉིས་ཀྱིས《ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ས་ཁམས་མཚོན་རྟགས་གྲོས་ཆོད》ལ་མིང་རྟགས་འགོད་རྒྱུའི་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་མ་འཇོག་གྲོས་ཆོད་ལ་གྲོས་མོལ་བྱེད་རྒྱུ་མགྱོགས་མྱུར་གཏན་འཁེལ་བྱས་ཏེ། ལོ་འདིའི་ནང་གྲོས་མོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་ཁོར་ཡུག་དང་གནམ་གཤིས་ཀྱི་མཐོ་རིམ་སྐད་ཆ་ཤོད་རེས་དང་གྲངས་འཛིན་ཁྱབ་ཁོངས་ཀྱི་མཐོ་རིམ་སྐད་ཆ་ཤོད་རེས་ལམ་ལུགས་བཙུགས་ཏེ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ལྗང་མདོག་མཉམ་ལས་རོགས་ཟླ་དང་གྲངས་འཛིན་མཉམ་ལས་རོགས་ཟླའི་འབྲེལ་བ་གཏོད་རྒྱུའི་ཐག་བཅད་པ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་ཁྱབ་ནས་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། མིའི་རིགས་ལ་ཐུན་མོང་གི་འགྲན་སློང་མང་པོ་འཕྲད་ནས་ལམ་མདོ་གསར་རྐྱང་ཞིག་ཏུ་སླེབས་ཡོད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གཉིས་དང་། ཁྲོམ་ར་ཆེན་པོ་གཉིས། ཤེས་དཔལ་ཆེན་པོ་གཉིས་བཅས་ཡིན་པས། དུས་བབ་འདི་འདྲའི་འོག ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོར་དེ་བས་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དེ་བས་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་དང་། དཔལ་འབྱོར་སླར་གསོ། དྲང་བདེན་སྲུང་སྐྱོང་བཅས་བྱ་ཆེད་དྲང་ནུས་དེ་བས་མང་བ་སྣོན་དགོས།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས“མཐའ་འཁྱོངས་བཞི”བྱེད་དགོས་པའི་ནན་བཤད་གནང་བ་སྟེ།
   གཅིག་ནས་ཞི་བདེ་མཉམ་གནས་མཐའ་འཁྱོངས་བྱེད་དགོས། འཛམ་གླིང་ཐོག་རྦད་དེ་གཅིག་མཚུངས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་དཔེ་དབྱིབས་ཤིག་མེད་ཅིང་། ཤེས་དཔལ་དང་རིག་གནས་སྣ་མང་མཉམ་གནས་བྱེད་པ་ནི་རྒྱུན་རྣམ་ཞིག་རེད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ཞི་བདེ་མཉམ་གནས་ཀྱི་སྟོབས་ཤུགས་བརྟན་པོ་རེ་རེ་ལས་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཡོང་བར་འགན་སྲུང་རེ་རེ་བཞིན་མང་དུ་འགྲོ་བ་ཡིན།
   གཉིས་ནས་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རིམ་བཞིན་ཆགས་པར་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནང་མཁོའི་གཏིང་ཤུགས་ཟམ་མི་ཆད་པར་སྔོག་འདོན་བྱས་ནས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ཁྲོམ་ར་ཆེན་པོ་གཉིས་དང་ཕྱོགས་གཉིས་པོའི་ཐོན་ཁུངས་དེ་བས་སྦྲེལ་མཐུད་ཡག་པོ་དང་ཕན་འབྲས་དེ་བས་ཆེ་བ་ཐོན་པར་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ཐུན་མོང་འཕེལ་རྒྱས་ལ་དེ་བས་སྟོབས་ཤུགས་ལྡན་པ་དང་རྒྱུན་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
   གསུམ་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་། ས་ཁུལ། གོ་ལ་ཧྲིལ་པོ་བཅས་རིམ་ངོས་ནས་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
   བཞི་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བའི་མཉམ་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གཙོ་བོ་སྟངས་འཛིན་ནན་པོ་བྱས་ནས། སྐད་ཆ་ཤོད་རེས་ལ་བརྟེན་ནས་གོ་ནོར་སེལ་བ་དང་འཕེལ་རྒྱས་ལ་བརྟེན་ནས་དཀའ་གནད་བསལ་ཏེ་འགལ་བ་དོ་དམ་དང་ཚོད་འཛིན་འོས་འཚམ་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་ཕན་ཚུན་ཚོང་དོན་དང་མ་འཇོག་གི་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་བྱེད་ཐབས་དེ་བས་མང་བ་སྤྱད་དེ་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་དགོས། དེ་རིང་ཕྱོགས་གཉིས་པོས《ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ས་ཁམས་མཚོན་རྟགས་གྲོས་ཆོད》ལ་དངོས་སུ་མིང་རྟགས་བཀོད་ཡོད། ཕྱོགས་གཉིས་པོས་དམ་པ་དོན་གཉེར་གྱི་རྣམ་འགྱུར་འཛིན་ཏེ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་བྱེད་མགྱོགས་སུ་བཏང་ནས། ལོ་འདིའི་ནང་གྲོས་མོལ་གྱི་དམིགས་ཚད་མངོན་འགྱུར་དང་། 
    མཉམ་ལས་སྤུས་འབོར་གཉིས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་བ། རིམས་ནད་ཐོན་རྗེས་ཀྱི་འཛམ་གླིང་གི་དཔལ་འབྱོར་སླར་གསོར་རམ་འདེགས་བཅས་བྱས་ནས་མཉམ་དུ་སྒོ་དབྱེའི་ཚོང་དོན་དང་མ་འཇོག་གི་ཁོར་ཡུག་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཉེ་དུས་ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱི་5Gདང་། ཕྱི་རྒྱལ་གྱི་མ་དངུལ་ཞིབ་བཤེར། སྲིད་གཞུང་གི་ཉོ་སྒྲུབ། འགྲན་རྩོད་སྲིད་ཇུས་སོགས་ཐད་ཀྱི་འཕེལ་ཕྱོགས་ཁག་གཅིག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་ཀྱིས་ཚོང་དོན་དང་མ་འཇོག་ཁྲོམ་ར་སྒོ་དབྱེ་རྒྱུན་འཁྱོངས་བྱས་ཏེ། སྒོ་དབྱེ་དང་། དྲང་བདེན། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་རྒྱུའི་རེ་བ་ཡོད།
    ཞི་ཅིན་ཕིང་གིས་གསུངས་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་རིམས་ནད་འགོག་རྒོལ་དང་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་མཉམ་ལས་ཐད་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་ཀྱི་དོན་སྙིང་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་མངོན་པར་བྱས་ཡོད།
ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཤང་ཀང་དང་ཤིན་ཅང་དང་འབྲེལ་ཡོད་གནད་དོན་ཐད་ཀྱི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་གནང་ཞིང་། ཁོང་གིས་ཤང་ཀང་དང་ཤིན་ཅང་དང་འབྲེལ་ཡོད་གནད་དོན་གྱི་ངོ་བོ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གཅིག་གྱུར་བཅས་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མི་སུ་དང་སྟོབས་ཤུགས་གང་རུང་ཞིག་གིས་ཀྲུང་གོའི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་ཁ་འཕྲལ་ཟང་ཟིང་བཟོ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གང་རུང་ཞིག་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་གསལ་བཤད་གནང་བ་རེད།
   མོ་ཁེར་དང་། སྨི་ཤིར། ཧྥུང་ཏེ་ལའེ་ཨེན་བཅས་ཀྱིས་ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་བརྩི་འཇོག་བྱེད་པའི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན། དེང་གི་འཛམ་གླིང་ལ་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་གཉིས་པོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་བཀག་འགོག་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་དེ་བས་ཁ་གཏད་ནུས་ལྡན་འཇལ་དགོས་པ་དང་། འདི་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་ཕྱོགས་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་ཚོང་དོན་དང་། མ་འཇོག ལྗང་མདོག་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག སྐྱེ་དངོས་ཀྱི་སྣ་མང་རང་བཞིན། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་ས་ཁམས་མཚོན་རྟགས་ཀྱི་གྲོས་ཆོད་ལ་མིང་རྟགས་བཀོད་པར་ཡོ་རོབ་མནའ་འབྲེལ་ཕྱོགས་སྐུལ་མ་ཆེན་པོ་ཐེབས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་ཆོག་འཐུས་ལྷུག་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། ལོ་འདིའི་ནང་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་ལེགས་གྲུབ་བྱེད་རྒྱུར་འབད་བརྩོན་བྱས་ཏེ་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བར་ནུས་ཤུགས་གསར་པ་སྣོན་པར་དགའ་བསུ་ཞུ་རྒྱུ་ཡིན། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པ། ཡོ་ཀྲུང་གཉིས་དང་འཛམ་གླིང་གི་དཔལ་འབྱོར་སྔ་ཙམ་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་རང་ངོས་ཀྱི་གནད་དོན་ཁས་ལེན་གསལ་པོ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྩ་དོན་ལ་གཞིགས་ནས་སྐད་ཆ་ཤོད་རེས་བྱེད་པ་དང་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་བཏང་སྟེ། ཧེ་བག་དང་འགལ་བ་འོས་འཚམ་ངང་ཐག་གཅོད་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

  
style="display:none;"