མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་རང་རྒྱལ་གྱི་ཆུ་སྤྱོད་ཚད་ མངོན་གསལ་དོད་པོས་གྲོན་ཆུང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་18ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆུ་བེད་པུའི་རྒྱལ་ཡོངས་ཆུ་གྲོན་ཆུང་གཞུང་ལས་ཁང་གིས་རང་རྒྱལ་གྱི་ཆུ་སྤྱོད་ཚད་ལ་བསྡོམས་རྩིས་དབྱེ་ཞིབ་བྱས་པ་རེད། གྲངས་གཞི་ལས་མངོན་གསལ། 2019ལོའི་རང་རྒྱལ་གྱི་སྒོར་ཁྲི་རིམ་པའི་GDPཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་60.8ཟིན་པ་དེ་2015ལོ་དང་བསྡུར་ན་23.8%ཆག་པ་དང་། སྒོར་ཁྲི་རིམ་པའི་བཟོ་ལས་ཀྱི་རིན་ཐང་འཕར་མའི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་38.4ཟིན་པ་དེ2015ལོ་དང་བསྡུར་ན་27.5%ཆག་པ། ཞིང་ཆུ་ནུས་ལྡན་སྤྱོད་ཚད་ཀྱི་བཏགས་གྲངས་0.559ཟིན་པ་དེ་2015ལོ་དང་བསྡུར་ན་0.023མཐོ་རུ་ཕྱིན་ཡོད།
     སྒོར་ཁྲི་རིམ་པའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད་ནས་བལྟས་ཚེ། མདུན་གྲལ་གྱི་ཞིང་ཆེན་བཅུ་པོ་ནི་པེ་ཅིང་དང་། ཐེན་ཅིན། ཧྲེང་ཧའེ། ཀྲེ་ཅང་། ཧྲན་ཏུང་། ཁྲུང་ཆིང་། ཧྲའན་ཤིས། ཀོང་ཏུང་། ཧྥུའུ་ཅན། ཧོ་ནན་བཅས་ཡིན་པ་དེ་དག་གི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་44ལས་དམའ་བ་ཡོད། 2015ལོ་དང་བསྡུར་ན་ཚད་གཞི་དེ་དམའ་རུ་འགྲོ་མགྱོགས་ཤོས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་བཅུ་པོ་ནི། ཧྥུའུ་ཅན་དང་། ཀྲེ་ཅང་། ཨན་ཧུའེ། སི་ཁྲོན། ཀོང་ཏུང་། ཁྲུང་ཆིང་། ཅི་ལིན། ཧེ་ལུང་ཅང་། བོད་ལྗོངས། ཀོང་ཤིས་བཅས་ཡིན་པ་དང་དེ་དག་གི་ཆ་སྙོམས་ཆག་ཚད་ནི་26%ལས་བརྒལ་ཡོད་པ་རེད། 

  
style="display:none;"