མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་
འདེད་གཏོང་བའི་ཁྲོད་ལམ་བུ་གསར་པ་བཏོད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་
ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཧུའུ་ནན་གྱི་ལེའུ་གསར་པ་རྩོམ་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་20ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་9ཚེས་16ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཁྲེན་ཀྲོའུ་གྲོང་ཁྱེར་རུའུ་ཁྲེང་རྫོང་ཤེས་དཔལ་ཡའོ་རིགས་ཤང་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོར་གྲོང་མི་དང་ཡུལ་སྐོར་བ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ཟླ་9ཚེས་16ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཁྲེན་ཀྲོའུ་གྲོང་ཁྱེར་རུའུ་ཁྲེང་རྫོང་ཤེས་དཔལ་ཡའོ་རིགས་ཤང་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོར་གྲོང་མི་དང་ཡུལ་སྐོར་བ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

   ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གལ་ཆེན་དང་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད། སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་མཐོ་ས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལམ་བུ་གསར་པ་གཏོད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུཌ་པའི་ཁྲོད་བྱས་རྗེས་གསར་པ་མངོན་པར་བྱེད་པ། དབུས་རྒྱུད་ས་ཁུལ་དར་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གསར་པ་མངོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཧུའུ་ནན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
   ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་ཁྲེན་ཀྲོའུ་གྲོང་ཁྱེར་རུའུ་ཁྲེང་རྫོང་ཤེས་དཔལ་ཡའོ་རིགས་ཤང་ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། སྤྱི་ལོ་1934ལོར། དམར་དམག་རྒྱང་སྐྱོད་བྱས་ནས་དེ་གར་སླེབས་སྐབས“ཕོ་ཁེབས་ཕྱེད་ཀའི”མི་སེམས་འགུལ་བའི་གཏམ་རྒྱུད་བཞག་ཡོད། ཞི་ཅིན་ཕིང“ཕོ་ཁེབས་ཕྱེད་ཀའི་དྲོ་སྐྱིད་ལྡན་པའི”ཆེད་དོན་བཤམས་སྟོན་ཁང་དུ་ཕེབས་ནས་ས་གནས་དེ་གས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ལུགས་དང་གསར་བརྗེའི་ཡུལ་སྐོར་དང་གསར་བརྗེའི་སློབ་གསོའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། “ཕོ་ཁེབས་ཕྱེད་ཀའི”གཏམ་རྒྱུད་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་མི་དམངས་ཀྱི་ཆེད་དུ་ལས་ཀ་བྱས་པའི་ངོ་བོ་གང་ལེགས་མངོན་གྱི་ཡོད། རྒྱང་སྐྱོད་ཀྱི་ལམ་བར་དུ། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོའི་བཟོ་པ་དང་། ཞིང་པ། འཐབ་འཛིང་པ། དེ་བཞིན་ངལ་རྩོལ་མང་ཚོགས་མཐའ་དག་བཅས་ཀྱི་མདུན་ལམ་ནི་གུང་ཁྲན་ཏང་གིས་འདོད་ཚུལ་འཛིན་པའི་སུའུ་ཝེ་ཨའེ་དམར་དམག་ལ་ཡོད་སྟབས་ང་ཚོར་རྒྱལ་ཁ་ཐོབ་ངེས་རེད་ཅེས་བསྟན་གནང་ཡོད། ད་ཆ་ང་ཚོས་འགྲོ་ལམ་གྱི་གདེང་ཚོད་དེ་བས་བརྟན་དུ་གཏོང་དགོས་པ་དང་། ཏང་གི་དམ་ཚིག་དང་དམ་བཅའ་དོན་ཐོག་ཏུ་འཁྱོལ་བ་དང་ཁ་དན་ཚིག་ལ་གནས་པར་བྱས་ཏེ། མི་དམངས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་། ཤ་རུས་གཅིག་འབྲེལ། ལས་དབང་གཅིག་མཐུན་བཅས་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་མུ་མཐུད་ཡག་པོ་སྐྱོད་དགོས་ཞེས་བསྟན་གནང་བ་རེད།
   དེ་རྗེས། ཞི་ཅིན་ཕིང་གྲོང་ཚོའི་ཞབས་ཞུ་ལྟེ་གནས་དང་འཕྲོད་བསྟེན་ཁང་དུ་ཕེབས་ནས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ལས་དོན་དང་གཞི་རྩའི་སྨན་བཅོས་འགན་ལེན་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། གྲོང་ཚོའི་མི་དམངས་ལ་ཞབས་འདེགས་ཞུ་བའི་ལྟེ་གནས་དེ་གཞི་རིམ་བཅོས་སྐྱོང་མ་ལག་གི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩིས་ནས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། ཞབས་ཞུའི་བྱ་བ་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་གནད་སྨིན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཁྲོད། གྲོང་སྡོད་ཧྲུའུ་ཅི་དང་པོ་མུ་མཐུད་འདེམས་གཏོང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་དང་འཐབ་རྩོད་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
   དེ་རྗེས། ཞི་ཅིན་ཕིང་ཤེས་དཔལ་ཡའོ་རིགས་ཤང་གི་སློབ་ཆུང་དང་པོར་ཕེབས་པ་དང་། སློབ་གྲྭའི་ཐབ་ཚང་དང་གཉེར་ཚང་དུ་ཕེབས་ཏེ་སློབ་མའི་བཟའ་བཅའི་འཚོ་བཅུད་སྡེབ་སྒྲིག་དང་བཟའ་བཅའི་བདེ་འཇགས་ལ་གཟིགས་ཞིབ་གནང་བ་རེད། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཚོག་བཞིན་པའི་ལོ་རིམ་བཞི་པའི་སློབ་གྲོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་འཕྲལ་མ་གྲོས་གཅིག་མཐུན་ངང་སྤོ་བོ་ཞི་ཅིན་ཕིང་ལགས་ལ་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་སློབ་གྲོགས་ཚོར། ད་ལྟ་ཁྱེད་ཚོ་ནི་སྡོང་ཕྲུག་ཅིག་དང་འདྲ་རུང་མ་འོངས་པར་ཤིང་སྡོང་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་ཁྱེད་ཚོའི་དུས་སྐབས་སུ་མངོན་འགྱུར་ཡོང་རྒྱུ་རེད། སློབ་གྲོགས་ཚོས་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱས་ཏེ་ཤེས་བྱ་སྦྱངས་ནས་འཇོན་ཐང་འཕེལ་བར་བྱེད་པ་དང་། འབད་བརྩོན་ཆེན་པོས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱ་རྒྱུའི་རེ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་གཞི་རིམ་དགེ་རྒན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་གླ་ཕོགས་དང་། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒྱུན་མཐུད་གསོ་སྦྱོང་སོགས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
    ད་ལོ་ལོ་52ལ་སླེབས་པའི་ཡུལ་མི་ཀྲུའུ་ཞའོ་ཧུང་ནི“ཕོ་ཁེབས་ཕྱེད་ཀའི”གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་ཞུས་ཤེ་ཤིའུ་ཡི་ཚ་བོ་རེད། ཞི་ཅིན་ཕིང་ཁོང་གི་ཁྱིམ་དུ་ཕེབས་ནས་གཟིཌ་ཞིབ་དང་འཚམས་འདྲི་གནང་བ་རེད།
   ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁྲང་ཧྲ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། ཧྲན་ཧོ་རིག་ནུས་སྒྲིག་ཆས་མ་རྐང་ཚད་ཡོད་ཀུང་སི་ནི་སྒྲིག་ཆས་བཟོ་སྐྲུན་ཁྱབ་ཁོངས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པ་དང་། ཐོན་རྫས་གོ་ལ་ཧྲིལ་པོར་བྲིན་ཁ་རྒྱུག་པོ་ཡོད། ཞི་ཅིན་ཕིང་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་སྒྲིག་ཆས་བཟོ་སྐྲུན་གྱི་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བ་དང་། ཁོང་གིས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བཟོ་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་ནས་ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས། རང་བརྟེན་གསར་གཏོད་ནི་ཁེ་ལས་ཀྱི་སྲོག་རྩ་ལྟ་བུ་དང་ཁེ་ལས་ཀྱིས་དཀའ་ངལ་བསལ་ནས་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་རྩ་བ་ཡིན། འགག་རྩའི་ལག་རྩལ་གཙོ་བོ་ངེས་པར་དུ་རང་ཉིད་ཀྱིས་ཁོང་དུ་ཆུད་པར་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་བཟོ་སྐྲུན་ལས་རིགས་དང་དངོས་ཚན་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་དགོས། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་དགོས་ལུགས་ནན་བཤད་བྱས་པ་ནི་སྒོ་བརྒྱབ་ནས་འཛུགས་སྐྲུན་བྱེད་པ་མིན་པར། མུ་མཐུད་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་པ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
   ཡུའེ་ལུའུ་དཔེ་ཁང་ནི་ཁྲང་ཧྲ་ཡུའེ་ལུའུ་རི་བོའི་འདབས་དང་ཧུའུ་ནན་སློབ་ཆེན་གྱི་སློབ་རའི་ནང་དུ་ཡོད་ཅིང་། སུང་རྒྱལ་རབས་བྱང་མའི་སྐབས་བསྐྲུན་པའི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སློབ་གྲྭ་ཞིག་རེད། ཞི་ཅིན་ཕིང་དེ་གར་རྟོག་ཞིབ་གནང་བར་ཕེབས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་གནས་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དཔེ་ཁང་དུ་ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཚོག་བཞིན་པའི་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས། སློབ་ཁང་གི་སློབ་ཁྲིད་དང་ལག་ལེན་སློབ་ཁྲིད་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་བྱེད་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ནང་གནས་གནས་ལུགས་གོ་བ་གཏིང་ཟབ་ལེན་པ། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་གདམ་ག་བྱས་པའི་རྒྱུ་མཚན་གང་ཡིན་པ་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ནས“གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
   ཚེས་18ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་། ཧུའུ་ནན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེཌ་གནང་བ། ཧུའུ་ནན་ལ་འབྱོར་ཕྱུག་དང་། མཛེས་སྡུག བདེ་སྐྱིད་བཅས་ལྡན་པའི་ཧུའུ་ནན་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་གྲུབ་འབྲས་གསར་པ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ཡོད། དེས་ན་འགྱུར་ལྡོག་འགྲོ་ཚུལ་གནད་ལ་འཁེལ་པོས་ཤེས་པ་དང་། འགྱུར་ལྡོག་འགྲོ་བར་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་གཅོག་པ། འགྱུར་ལྡོག་འགྲོ་ཐབས་རང་འགུལ་ངང་བྱེད་པ་བཅས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱ་རྒྱུར་དེ་བས་མཐོང་ཆེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་སྐྱེད་པ་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ལེགས་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ནུས་ལྡན་གྱི་མ་དངུལ་འཇོག་རྒྱ་ཇེ་ཆེར་གཏོང་རྒྱུ་དང་གྲོང་མིའི་འཛད་སྤྱོད་དར་རྒྱས་གཏོང་རྒྱུར་སྣང་ཆེན་བྱེད་དགོས། ཐོན་ལས་འཁོར་སྦྲེལ་ལ་དམིགས་ནས་གསར་གཏོད་འཁོར་སྦྲེལ་བཀོད་སྒྲིག་བྱེད་པ་དང་། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་འཁོར་སྦྲེལ་ལ་དམིགས་ནས་ཐོན་ལས་འཁོར་སྦྲེལ་བཀོད་ཇུས་བྱེད་པ། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ། གྲུབ་འབྲས་གཞན་སྒྱུར་དང་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། དམིགས་ཚད་ཀྱིས་སྣེ་ཁྲིད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བློ་སྟོབས་སྔར་བས་ཆེ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་བཏོན་ནས་གདིང་རྩའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་དགོས། རྒྱལ་ཁབ་ཀྱི་སྒོ་དབྱེའི་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ནས་ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འབྲུ་རིགས་བདེ་འཇགས་བརྟན་པོ་ཡོང་བའི་ལས་འགན་ལྕི་པོ་འཁུར་ནས་འབྲུ་རིགས་ཀྱི་ཐོན་ནུས་བརྟན་པོའི་ངང་མཐོ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ཁྱོན་ཡོངས་ནས་ནན་དུ་གཏོང་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཁྲིམས་འགལ་གྱིས་རྨོ་ཞིང་གང་བྱུང་དུ་བཟུང་བའི་བྱ་སྤྱོད་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་གནང་བ་རེད།
   ཞི་ཅིན་ཕིང་གིས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་བྱས་རྗེས་གསར་པ་འཇོག་དགོས། སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་བྱེད་པ་དང་། གསར་སྤེལ་ཆེན་པོ་མི་བྱེད་པ། ཏུང་ཐིང་མཚེའུ་ཡི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ་ཡག་པོ་བྱེད་པ། འབྲི་ཆུའི་ཆུ་གཞུང་ཨ་མ་དང་ཡན་ལག་ཆུ་རྒྱུད་ཀྱི་སྦགས་བཙོག་འགོག་བཅོས་དང་མཚོ་འགྲམ་བཅོས་སྐྱོང་བྱ་རྒྱུ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཉ་པ་ལས་ཀ་གཞན་སྒྱུར་གྱི་བཀོད་སྒྲིག་དང་དམངས་འཚོ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཁག་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས། ལས་ཞུགས་སྔོན་འཛིན་སྲིད་ཇུས་དོན་འཁྱོལ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་དམིགས་སུ་བཀར་ནས་ཡག་པོ་སྒྲུབ་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཚན་ནང་མཉམ་འདྲེས་ཐུབ་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།
   ཞི་ཅིན་ཕིང་གིས། ཧུའུ་ནན་ནི་གསར་བརྗེའི་རྟེན་གཞི་རྙིང་པ་ཞིག་ཡིན་པས། གུང་ཁྲན་ཏང་མི་འབོར་ཆེན་ཞིག་གིས་གནས་འདིར་མི་སེམས་འགུལ་བའི་དཔའ་བོའི་གཟི་བརྗིད་གླུ་དབྱངས་བརྩམས་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཟླ་9ཚེས་16ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁྲང་ཧྲ་གྲོང་ཁྱེར་ཧྲན་ཧོ་རིག་ནུས་སྒྲིག་ཆས་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྒྲིག་ཆས་བཟོ་སྐྲུན་གྱི་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བ་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བཟོ་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཟླ་9ཚེས་16ནས་ཚེས་18ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁྲང་ཧྲ་གྲོང་ཁྱེར་ཧྲན་ཧོ་རིག་ནུས་སྒྲིག་ཆས་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྒྲིག་ཆས་བཟོ་སྐྲུན་གྱི་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བ་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བཟོ་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

  
style="display:none;"