མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་
དྲུག་པ་འཚོགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་21ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཞི་ཅིན་ཕིང་གིས་ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུ་སྐབས་ནན་བཤད་གནང་དོན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་གཏིང་ཟབ་དང་། དྲིལ་བསྒྲགས་ཤུགས་ཆེན། ལག་ལེན་ནན་ཏན་བཅས་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་19ཉིན། ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཚོགས་ཆེན་འཚོགས་པ་དང་ཞིབ་འཇུག་ལྷན་ཚོགས་དབུ་བརྙེས་ནས་ལོ་30འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ། ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་བར་འབད་བརྩོན་བྱེད་མཁན་བློ་མཐུན་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
   རྟེན་འབྲེལ་འཕྲིན་ཡིག་ནང་། ཞི་ཅིན་ཕིང་གིས་ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་རེད། གསར་བརྗེ་བ་རྒན་རབས་དང་གུང་ཁྲན་ཏང་མི་རྒན་རབས་ཚོ་ཡན་ཨན་དུ་བཞུགས་རིང་། སྐྱེད་སྲིང་གནང་ནས་གྲུབ་པའི་ཡན་ཨན་གྱི་སྙིང་སྟོབས་ནི་རང་རེའི་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཡིན། བློ་མཐུན་ཚོས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་གཏིང་ཟབ་དང་། དྲིལ་བསྒྲཌ་ཤུགས་ཆེན། ལག་བསྟར་ནན་ཏན་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་ཆེད་བསམ་པའི་འགུལ་ཤུགས་ཆེན་པོ་མཁོ་འདོན་ཧུར་ཐག་བྱེད་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པ་1990ལོའི་ཟླ་5པར་དབུ་བརྙེས་ཤིང་། ཡན་ཨན་གྱི་སྙིང་སྟོབས་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་རྒྱུ་ལས་འགན་གཙོ་བོར་བརྩིས་པ་དང་། ལོ་30ཡི་རིང་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།
                                                                                                 རྟེན་འབྲེལ་ཞུ་ཡིག
ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་པ་དང་ཞིབ་འཇུག་ཚོགས་པ་དབུ་བརྙེས་ནས་ལོ་30འཁོར་བའི་མཚམས་སུ། ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་བར་འབད་བརྩོན་བྱེད་མཁན་བློ་མཐུན་རྣམ་ལ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།
     ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་རེད། གསར་བརྗེ་བ་རྒན་རབས་དང་གུང་ཁྲན་ཏང་མི་རྒན་རབས་ཚོ་ཡན་ཨན་དུ་བཞུགས་རིང་། སྐྱེད་སྲིང་གནང་ནས་གྲུབ་པའི་ཡན་ཨན་གྱི་སྙིང་སྟོབས་ནི་རང་རེའི་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཡིན། བློ་མཐུན་ཚོས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་གཏིང་ཟབ་དང་། དྲིལ་བསྒྲགས་ཤུགས་ཆེན། ལག་བསྟར་ནན་ཏན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་ཆེད་བསམ་པའི་འགུལ་ཤུགས་ཆེན་པོ་མཁོ་འདོན་ཧུར་ཐག་བྱེད་རྒྱུའི་རེ་བ་ཡོད།
    ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
                                                                                                                                                                         ཞི་ཅིན་ཕིང་།
                                                                                                                                                          2020ལོའི་ཟླ་9ཚེས་4ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང) 

  
style="display:none;"