མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏར་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་27ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏར་ལ་གློག་འཕྲིན་བཏང་ནས་ཁོང་ལ་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ཐད་འཚམས་འདྲི་ཞུས་པ་རེད།
    འཚམས་འདྲིའི་གློག་འཕྲིན་ནང་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་ལ་ཏོག་དབྱིབས་ནད་དུག་གསར་པ་འགོས་པ་ཤེས་རྗེས་ངས་ལྷག་བསམ་ཟོལ་མེད་ངང་ཁྱེད་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ལ། ཁྱེད་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 

  
style="display:none;"