མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐུར་ཁེར་ས་ཡོམ་གྱི་གནོད་འཚེ་བྱུང་བར་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་ལ་འཚམས་འདྲིའི་
གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་08ཉིན། 16:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེར་ས་ཡོམ་གྱི་གནོད་འཚེ་བྱུང་བར་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
   ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཐུར་ཁེར་ས་ཡོམ་གྱི་གནོད་འཚེ་ཕོག་ནས་མི་སྣ་ཤི་རྨས་མང་པོ་བྱུང་བ་ཤེས་རྟོགས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན། རྐྱེན་ལམ་དུ་ཤོར་མཁན་ཚོའི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ལ། ཐུར་ཁེ་མི་དམངས་ཀྱིས་སྔ་ཙམ་གནོད་འཚེ་ལས་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་དུ་སྐྲུན་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུའང་ཡིན་ཞེས་གསུངས་པ་རེད། 

  
style="display:none;"