མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།།ཞི་ཅིན་ཕིང་སྟངས་དཔྱལ་གྱིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་08ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་11ཚེས་6ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེར་མཇལ་འཕྲད་གནང་བ།

ཟླ་11ཚེས་6ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེར་མཇལ་འཕྲད་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོར་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེར་མཇལ་འཕྲད་གནང་བ་རེད།
   ཞི་ཅིན་ཕིང་གིས། ང་ཚོས་རྒྱལ་པོ་དང་རྒྱལ་ཡུམ་དབར་གྱི་མཛའ་གྲོགས་ཟབ་མོར་ལྷག་པར་གཅེས་འཛིན་བྱེད་ཀྱི་ཡོད། ཁྱེད་ཚོས་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་འཚམས་འདྲིའི་འཕྲིན་ཡིག་བསྐུར་བ་དང་འབྲེལ་ཕངས་སེམས་མེད་པར་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་པོ་མཆོག་གིས་ཡབ་རྒྱལ་པོ་ཤིས་ཧ་ནུའུ་ཁེ་དང་རྒྱལ་ཡུམ་མོ་ཉི་ལེས་ལོ་ལྔ་བཅུ་ཡི་གོང་དུ་འཚམས་འདྲི་གནང་མྱོང་བའི་ཡན་ཨན་ལ་འཚམས་འདྲི་གནང་བ་དེ་ནི། མཛའ་གྲོགས་རྒྱུན་འཛིན་གྱི་གཟིགས་སྐོར་ཞིག་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་གཟིགས་སྐོར་ཞིག་ཀྱང་རེད། རྒྱལ་ཡུམ་མོ་ཉི་ལེས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མི་རབས་ནས་མི་རབས་དབར་གྱི་མཛའ་གྲོགས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དམིགས་བསལ་གྱི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེ་རིང་ངས་རྒྱལ་ཡུམ་མཆོག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཕུལ་བ་དེ་ནི་རྒྱལ་ཡུམ་མཆོག་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བར་དམིགས་བསལ་གྱི་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱས་པ་ཞིག་ཡིན་ལ། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་མོ་དར་སྤེལ་གཏོང་ཆེད་དུ་ཡང་ཡིན། ང་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
   ཤིས་ཧ་མོ་ཉིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་རྣམ་གཉིས་ཀྱིས་ང་ཚོར་གུས་ལུགས་ཟབ་ཤོས་ཀྱིས་སྣེ་ལེན་གནང་བར་ང་ཚོས་ཀྲུང་གོ་མི་དམངས་ཀྱིས་ཁམ་ཕུ་ཁྲེའི་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་ཚོར་བྱུང་། ངས་ཆེད་མངགས་ཧྲའན་ཤིས་ཡན་ཨན་ལ་ཆེད་དོན་འཚམས་འདྲི་བྱེད་སྐབས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་གནང་སྟེ་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་འབད་འཐབ་བྱས་ནས་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་སྙིང་དབུས་ནས་ཡིད་སྨོན་སྐྱེས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ལྟེ་བར་འཛིན་པའི་དགོངས་པར་ཡང་མྱོང་ཚོར་ཟབ་མོ་བྱུང་། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་རྒན་རབས་འགོ་ཁྲིད་མི་སྣས་བཏོད་པའི་མཛའ་གྲོགས་ཟབ་མོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཁམ་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡང་ཡིན་ཞེས་གསུངས་པ་རེད།
   མོ་ཉི་ལེས། ཡབ་རྒྱལ་པོ་ཤིས་ཧ་ནུའུ་ཁེ་དང་ང་ནི་ཀྲུང་གོ་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཞིག་ཡིན། ལོ་60ལྷག་ཙམ་རིང་ངས་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱེད་མྱོང་བ་དང་འཚམས་འདྲི་བྱེད་ཐེངས་རེར་ཀྲུང་གོའི་ཡར་ངོའི་ཟླ་ལྟར་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཚོར་སྣང་ཟབ་མོ་ཡོང་གི་འདུག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”གནང་བར་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་མུ་མཐུད་ཁམ་ཀྲུང་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
   ཝང་ཧུའུ་ཉིང་དང་། ཏིང་ཤུའེ་ཞང་། དབྱང་ཅེ་ཁྲེ། ཝང་དབྱི་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད། 

  
style="display:none;"