མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པའེ་ཏན་ཨ་རིའི་ཙུང་ཐུང་དུ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་
འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་26ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་སེ་ཧྥུ་པའེ་ཏན་ལ་ཁོང་ཉིད་ཨ་རིའི་ཙུང་ཐུང་དུ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཀྱང་རེད། ཕྱོགས་གཉིས་ཀྱིས་འགལ་རྐྱེན་མེད་པ་དང་གདོང་གཏུག་མེད་པ། ཕན་ཚུན་བརྩི་འཇོགམཉམ་ལས་མཉམ་ཕན་བཅས་ཀྱི་དགོངས་དོན་སྲུང་འཛིན་བྱས་ཐོགམཉམ་ལས་ལ་དམིགས་ཤིང་ཕྱོགས་འགལ་ཚོད་འཛིན་བྱས་ནས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་མདུན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས།
   ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཁཱ་མ་ལ་ཧ་ལི་སི་ལ་གློག་འཕྲིན་བཏང་ནས་ཁོང་ཨ་རིའི་ཙུང་ཐུང་གཞོན་པར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

  
style="display:none;"