མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་བཅུ་བདུན་པ་དང་
ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་
ཐོག་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་29ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་11ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་བཅུ་བདུན་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ།

ཟླ་11ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་བཅུ་བདུན་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ། 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་བཅུ་བདུན་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད།
   ཞི་ཅིན་ཕིང་གིས་2013ལོར་ངས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་དུས་རབས་21པའི་མཚོ་ཐོག་དར་གོས་འགྲུལ་ལམ་མཉམ་དུ་བསྐྲུན་རྒྱུ་དང་ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་འདོད་ཡོད་ཅེས་བཏོན་པ་ཡིན། ལོ་7རིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ས་ཁོངས་མཉམ་ལས་ཁྲོད་ཀྱི་གྲུབ་འབྲས་ཆེ་ཤོས་ཐོབ་པ་དང་གསོན་ཤུགས་ཆེ་ཤོས་ལྡན་པའི་དཔེ་མཚོན་ཞིག་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་པོས་ལྟ་རེས་སྐྱོང་རེས་དང་དུས་ངལ་མཉམ་སེལ་བྱས་ཡོད། དེང་གི་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཡོང་བཞིན་ཡོད་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལས་དབང་ད་ལྟ་ནང་བཞིན་དམ་པོར་འབྲེལ་མྱོང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ཚུད་ཁ་ཕྱོགས་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་གཙོ་གནད་ས་ཁུལ་ཞིག་ལ་བརྩི་གི་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་དེ་གའི་དར་རྒྱས་གོང་འཕེལ་གྱི་འཕེལ་ཕྱོགས་བཟང་པོར་སྲུང་སྐྱོང་བྱས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   གཅིག འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་འཆར་འགོད་དང་འབྲེལ་མཐུད་གཏིང་ཟབ་བྱེད་དགོས་ཤིང་། སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་བརྟེན་ཏེ། རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ད་ཡོད་ཀྱི་དཔལ་འབྱོར་བར་ཁྱམས་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྣ་མང་མཉམ་འདྲེན་གྱི་མནའ་འབྲེལ་ཧུར་ཐག་འཛུགས་དགོས། སང་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་ཆུ་ཚད་དེ་བས་མཐོ་བའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད།
    གཉིས། དཔལ་འབྱོར་ཚོང་དོན་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་ཁུལ་གྱི་དཔལ་འབྱོར་ཁྱོན་ཡོངས་ནས་སླར་གསོ་གང་མགྱོགས་ཡོང་བར་བྱེད་དགོས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་གྲོས་ཆོད་སྔར་བས་ལག་བསྟར་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》སྔ་ཙམ་གོ་ཆོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཚོང་དོན་བདེ་བླག་ཡོང་བ་བྱེད་པ་དང་། མ་དངུལ་འཇོག་པར་སྐུལ་འདེད་གཏོང་བ། ཁྲོམ་རའི་སྒོ་མོ་ཕན་ཚུན་འབྱེད་པ་བཅས་བྱས་ཏེ་ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐུབ་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བྱ་ཐབས་སྤྱད་དེ་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་སྟབས་བདེ་ཡོང་བ་བྱེད་དགོས། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་མཉམ་ལས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཤར་རྒྱུད་ཀྱི་འཕར་སྣོན་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།
   གསུམ། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲངས་འཛིན་དཔལ་འབྱོར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། རིག་ལྡན་གྲོང་ཁྱེར་དང་། 5G མི་ཐབས་རིག་ནུས། དྲ་ཐོག་ཚོང་དོན། གྲངས་གཞི་ཆེ་མོ། ཚན་ཚན་ཕྲེང་འབྲེལ། རྒྱང་བསྟེན་སྨན་བཅོས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་དེ་བས་མང་བ་གཏོད་པ་དང་ཆབས་ཅིག གྲངས་འཛིན་བདེ་འཇགས་སྲུང་སྐྱོང་དང་སྲིད་ཇུས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་ཁུལ་བསྐྲུན་ནས“གྲངས་འཛིན་དར་གོས་འགྲུལ་ལམ”སྐྲུན་དགོས།
   བཞི། རིམས་འགོག་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་པའི་འཕྲོད་བསྟེན་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྲིད་ཇུས་སྐོར་གྱི་གླེང་མོལ་དང་། ཆ་འཕྲིན་མཉམ་སྤྱོད། རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་འགོག་སྨན་ཁབ་བེད་སྤྱོད་གཏོང་འགོ་ཚུགས་རྗེས་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དགོས་མཁོར་བསམ་གཞིག་ཧུར་ཐག་བྱས་ཏེ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིམས་འགོག་ཐེབས་རྩར་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་འཕྲོད་བསྟེན་སྲིད་འཛིན་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ་1000གསོ་སྐྱོང་བྱ་རྒྱུ། འཕྲལ་སྡོམ་སྨན་བཅོས་དངོས་ཟོག་གྲབས་གསོག་མཛོད་དང་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་འབྲེལ་གཏུག་ལམ་སྲོལ་མཉམ་དུ་འཛུགས་རྒྱུ་ཡིན།
   ཞི་ཅིན་ཕིང་གིས་སང་ལོར་ཀྲུང་གོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་འཛུགས་རྒྱུ་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ཀྱི་བར་མཐོངས་དེ་བས་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
   མཇུག་ཏུ་ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་སྐབས་འདིའི་ཚོགས་འདུ་གཟབ་རྒྱས་བརྒྱུད། ཚོང་ལས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་པ་དང་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ཏེ། ལག་གདང་སྦྲེལ་ནས་སྔར་ལས་དར་རྒྱས་ཆེ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"