མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ནན་བཤད་
བྱས་དོན། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་དམངས་
ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་
ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་27ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་12ཚེས་24དང་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

འདི་ནི་ཟླ་12ཚེས་24དང་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

    ■ བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་གཏོང་རིང་། ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་ཡོད། 2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཏོག་གསར་གློ་ཚད་ཀྱི་རིམས་ནད་གློ་བུར་དུ་ཐོན་པ་དང་། ས་ཆ་མང་པོར་ཆུ་ལོག་གི་གནོད་འཚེ་ཐོན་པ། དཔལ་འབྱོར་འཕེལ་རྒྱས་ལ་རྡབ་རྡེག་ཤུགས་ཆེན་ཕོག་པ། ཕྱིའི་ཁོར་ཡུག་རྙོག་འཛིང་ཆེ་བ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན། སྤྱི་ཚོགས། རྒྱལ་སྤྱི། རང་བྱུང་ཁམས་སོགས་ཁྱབ་ཁོངས་ལས་བྱུང་བའི་འགྲན་སློང་མང་པོ་ཕྲད་ཡོད། ཉེན་ཁ་ཚབས་ཆེན་དང་དཀའ་གནད་ཀྱི་མདུན་དུ་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་པོ་དང་དུས་གནས་རྟོགས་དཔྱོད་ཀྱིས་ཏང་ཡོངས་དང་། དམངས་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་བསུ་བཞིན་དུ་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། སྤྱིར་བཏང་གཏན་ནས་མིན་པའི་ལོ་ཟླར་སྤྱིར་བཏང་གཏན་ནས་མིན་པའི་འོད་སྟོང་བཏོད་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངོས་འཛིན་བྱས་དོན། ལོ་རྒྱུས་ཀྱི་འགག་གནད་གལ་ཆེན་དང་ཚོད་བགམ་ཆེན་པོའི་མདུན་དུ། འགོ་ཁྲིད་ཀྱི་ནུས་པ་ནི་ཆེས་འགག་རྩའི་ཆ་རྐྱེན་རེད། ཏང་ཀྲུང་དབྱང་གི་བརྡར་ཤ་གཅོད་པའི་ནུས་པ་དང་། ཐབས་ཇུས་འགོད་པའི་ནུས་པ། བྱ་སྤྱོད་སྤེལ་བའི་ནུས་པ་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་པ་ལག་ལེན་གྱིས་སླར་ཡང་ར་སྤྲོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱལ་ཁ་གསར་པ་ལེན་པའི་རྩ་བའི་འགན་ལེན་ཞིག་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱི་ཐད་མིག་དཔེ་ཡག་པོ་བཏོན་ནས་ཏང་ཀྲུང་དབྱང་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཡིད་ཆེས་བློས་འགེལ་ཆོག་པའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་མཉམ་སྡེབ་ཅིག་ཏུ་འགྱུར་བའི་འགན་ལེན་བྱེད་དགོས།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་24དང་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱས་ཏེ། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་དམངས་ལ་བཅངས་པའི་བརྩེ་སེམས་བརྟན་སྲུང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་རླབས་ཆེན་རྒྱལ་ཁ་བླངས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་གསར་པ་འགོ་འཛུགས་དགོས་པ་འདི་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་ཟུང་འབྲེལ་དང་། སྒེར་གྱི་བསམ་བློ་དང་ལས་དོན་གྱི་དོན་དངོས་ཟུང་འབྲེལ་བྱེད་པ། སྣེ་ཁྲིད་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག་ལག་བསྟར་ནན་པོ་བྱེད་པ་དང་ཟུང་འབྲེལ། སྣེ་ཁྲིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱི་དོན་དངོས་དང་ཟུང་འབྲེལ། སྣེ་ཁྲིད་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་ནན་པོ་དང་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ཟུང་འབྲེལ་བཅས་བྱས་ཏེ་རང་ངོས་ཞིབ་བཤེར་དང་ཏང་གཤིས་ལ་དབྱེ་ཞིབ་གནང་བ་མ་ཟད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།
   ཚོགས་འདུ་མ་འཚོགས་གོང་། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་གླེང་བ་དང་། བརྗོད་དོན་གཙོ་བོར་དམིགས་ནས་བཤེར་འདོན་བྱས་པ་མ་ཟད། གཏམ་བཤད་ཀྱི་དཔྱད་གཞིའི་ཡིག་ཆའང་བྲིས་ཡོད། ཚོགས་འདུའི་ཐོག《2020ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་གཏན་འབེབས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ》དང《ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མུ་མཐུད་ཐག་གཅོད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་དང་རྒྱ་ཆེར་སྤེལ་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་གནང་བ་རེད། དེ་རྗེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རེ་རེ་བཞིན་གཏམ་བཤད་སྤེལ་བ་དང་བླང་བྱ་གཞིར་བཟུང་ལྟ་བསྡུར་ཞིབ་བཤེར་གནང་བ་རེད།
    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་བཤད་ནང་གཙོ་གནད་ལྔར་སྟངས་འཛིན་དང་མངོན་ཡོད་པ་སྟེ། གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ལ་སྣེ་ཁྲིད་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་དང་། གཉིས་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱག་པར་སྣེ་ཁྲིད་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་གང་ལེགས་བཏོན་པ་དང་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་པ། གསུམ་ནི་འགན་འཁྲི་གཙང་སྒྲུབ་དང་རང་འགན་ཐེག་པ་འཁུར་ལེན་གྱིས་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱས་ཏེ། མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་ལ་ཤུགས་སྣོན་དང་། ཉེན་ཁ་དང་འགྲན་སློང་འགོག་ཟོན་དང་སེལ་བ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་ལ་སྤྱི་འདོམས་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་པ། བཞི་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ལ་སྣེ་ཁྲིད་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི“ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་2035ལོའི་ཕུགས་ཀྱི་དམིགས་ཚད་དང་བསྡུར་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ལྔ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ལ་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་པ་དང་། དར་ཆ་གསལ་སྟོན་ངང་སྐྱོན་བརྗོད་དང་ལུགས་འགལ་སྒྲིག་འགལ་གྱི་གཏམ་སྤྱོད་ལ་ཡོ་བསྲང་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་རེད།
   ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོ་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བརླིང་ངང་ཁ་གཏད་གཅོག་པ་དང་དཀའ་ངལ་བསུ་བཞིན་དུ་མདུན་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་དང་ཕྱིའི་གནོན་ཤུགས་ལ་ཁ་གཏད་གཅོག་པར་སྤྱི་འདོམས། “བརྟན་པོ་དྲུག”གི་ལས་དོན་ལ་དམ་འཛིན་ཡག་པོ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ལ་སྤྱི་འདོམས་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཡོད། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་འཕར་བའི་ཐད་ཆག་པ་ནས་འཕར་བའི་རྣམ་པ་མངོན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ། ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རླབས་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་ལས་དོན་གལ་ཆེན་ལ་སྐུལ་འདེད་གཏོང་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྟོགས་ངང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་བཏོན་ཡོད།
   ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་གཏོང་རིང་། ཐག་གཅོད་རང་བཞིན་གྱི་ནུས་པ་བཏོན་ཡོད། 2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཏོག་གསར་གློ་ཚད་ཀྱི་རིམས་ནད་གློ་བུར་དུ་ཐོན་པ་དང་། ས་ཆ་མང་པོར་ཆུ་ལོག་གི་གནོད་འཚེ་ཐོན་པ། དཔལ་འབྱོར་འཕེལ་རྒྱས་ལ་རྡབ་རྡེག་ཤུགས་ཆེན་ཕོག་པ། ཕྱིའི་ཁོར་ཡུག་རྙོག་འཛིང་ཆེ་བ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན། སྤྱི་ཚོགས། རྒྱལ་སྤྱི། རང་བྱུང་ཁམས་སོགས་ཁྱབ་ཁོངས་ལས་བྱུང་བའི་འགྲན་སློང་མང་པོ་ཕྲད་ཡོད། ཉེན་ཁ་ཚབས་ཆེན་དང་དཀའ་གནད་ཀྱི་མདུན་དུ་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་པོ་དང་དུས་གནས་རྟོགས་དཔྱོད་ཀྱིས་ཏང་ཡོངས་དང་། དམངས་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་བསུ་བཞིན་དུ་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། སྤྱིར་བཏང་གཏན་ནས་མིན་པའི་ལོ་ཟླར་སྤྱིར་བཏང་གཏན་ནས་མིན་པའི་འོད་སྟོང་བཏོད་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངོས་འཛིན་བྱས་དོན། ལོ་རྒྱུས་ཀྱི་འགག་གནད་གལ་ཆེན་དང་ཚོད་བགམ་ཆེན་པོའི་མདུན་དུ། འགོ་ཁྲིད་ཀྱི་ནུས་པ་ནི་ཆེས་འགག་རྩའི་ཆ་རྐྱེན་རེད། ཏང་ཀྲུང་དབྱང་གི་བརྡར་ཤ་གཅོད་པའི་ནུས་པ་དང་། ཐབས་ཇུས་འགོད་པའི་ནུས་པ། བྱ་སྤྱོད་སྤེལ་བའི་ནུས་པ་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་པ་ལག་ལེན་གྱིས་སླར་ཡང་ར་སྤྲོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱལ་ཁ་གསར་པ་ལེན་པའི་རྩ་བའི་འགན་ལེན་ཞིག་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱི་ཐད་མིག་དཔེ་ཡག་པོ་བཏོན་ནས་ཏང་ཀྲུང་དབྱང་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཡིད་ཆེས་བློས་འགེལ་ཆོག་པའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་མཉམ་སྡེབ་ཅིག་ཏུ་འགྱུར་བའི་འགན་ལེན་བྱེད་དགོས།
   ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ལག་ལེན་གྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ལྡན་ཡོད། དེ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་ཡོངས་ཀྱི་ཁྲོད་ནས་ཐོན་པའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཞིག་རེད། ཏང་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཏང་ཡོངས་ལ་མིག་དཔེ་བསྟན་ནས་རྒྱུན་ཆད་མེད་པར་སློབ་སྦྱོང་དང་། ལག་བསྟར། གོ་བ་ལེན་པ་དང་། རྒྱུན་ཆད་མེད་པར་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་འཛམ་གླིང་ཤེས་རྟོགས་དང་འཛམ་གླིང་སྒྱུར་བཀོད་བྱེད་པའི་བསམ་པའི་མཚོན་ཆ་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་འཁྱོངས། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ། འགག་སྒྲོལ་དཀའ་སེལ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་ཏང་དང་མི་དམངས་ལ་ལས་དོན་དེ་བས་ཡག་པོ་སྒྲུབ་དགོས།
    ཚོགས་འདུའི་ཐོག་བསྟན་དོན། 2012ལོའི་ཟླ་12པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག《ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་རྒྱུའི་སྐོར་གྱི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་དོན་ཚན་བརྒྱད》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་ནས་བཟུང་། རྒྱུན་སྲིང་ལྷོད་མེད་ངང་མཐའ་འཁྱོངས་བྱས་པ་བརྒྱུད། ང་ཚོས་དེ་སྔོན་བཀག་འགོག་བྱེད་མི་ཐུབ་པར་ངོས་འཛིན་བྱས་པའི་བྱ་ངན་སྤྱོད་ངན་ཁ་ཤས་བཀག་འགོག་བྱས་པ་དང་ཡུན་རིང་ཐག་གཅོད་བྱེད་བསམས་ཀྱང་ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་རྙིང་པ་ཁག་གཅིག་ཐག་གཅོད་བྱས་པས། ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ཡོད། ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་དུ་བརྩིས་ནས། གཞི་རིམ་གྱི་ཁུར་པོ་ཡང་དུ་ནུས་ལྡན་བཏང་བ་དང་། གནད་སྨིན་ཇུས་བསྟར་དང་རྣག་ཐོག་གཙག་འཁེལ། བྱ་ཐབས་སྣ་མང་མཉམ་སྤྱོད་བཅས་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད། དེ་དང་ཆབས་ཅིག“སྤྱོད་ཚུལ་བཞིའི”གནད་དོན་གྱི་འབྱུང་རྩ་དང་ཁོར་ཡུག་རྦད་དེ་མེད་པར་བཟོ་ཐུབ་མེད་པ་ང་ཚོས་མཐོང་བར་བྱས་ནས། རྒྱུན་སྲིང་ལྷོད་མེད་ཀྱི་ངེས་ཤུགས་དང་། དམ་འཛིན་ཡང་ཡང་བྱེད་པ་དང་ཡང་ཡང་ཐོན་པའི་གནད་དོན་ལ་དམ་འཛིན་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་དང“སྤྱོད་ཚུལ་བཞི”དག་ཐེར་ལག་བསྟར་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་ཁག་དོན་འཁྱོལ་བྱས་ཏེ་ཕུགས་ཕན་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་དེ་བས་མུ་མཐུད་འབད་བརྩོན་བྱས་ཏེ་ཏང་ཡོངས་ལ་སྣེ་ཡག་པོ་འཁྲིད་པ་དང་མིག་དཔེ་ཡག་པོ་སྟོན་དགོས།
   ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། སང་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་གསར་པར་སྐྱོད་པའི་ལོ་དང་པོ་རེད་ལ། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡང་རེད། དེར་བརྟེན་ལས་དོན་ཐམས་ཅད་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་དམིགས་ཏེ། སྤེལ་དགོས་པ་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི“ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་2035ལོའི་ཕུགས་ཀྱི་དམིགས་ཚད་དང་སྡུར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། ཚན་རིག་དང་མཐུན་པའི་ཇུས་འགོད་ལ་ཤུགས་སྣོན། སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་ལས་དོན་ལ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས།
   ཞི་ཅིན་ཕིང་གིས་གསུང་བཤད་ནང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཁག་གི་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་ལ་དཔྱད་བརྗོད་གནང་བ་དང་། གྲུབ་འབྲས་ལ་ཁས་ལེན་གནང་བ། བླང་བྱ་བཏོན་གནང་བ། ད་ཐེངས་ཀྱི་ཚོགས་འདུར་ཕྱོགས་སྡོམ་གནང་བ་མ་ཟད། ད་དུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《གཏན་འབེབས》དང《ལག་བསྟར་ཞིབ་སྲོལ》ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ལའང་བླང་བྱ་བཏོན་གནང་བ་དང་འབྲེལ། ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོཌ་འདུ་ཡག་པོ་འཚོགས་པ་དང་། ཚང་མས་གྲུབ་འབྲས་གླེང་བ་དང་། བསམ་ཚུལ་སྤེལ་རེས། གནད་དོན་བཤེར་འདོན། འབད་བརྩོན་གྱི་ཁ་ཕྱོཌ་བཏོན་པ་བཅས་བྱས་པས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་ལས་དོན་ལེགས་བཅོས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་བ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གི་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་འཆར་ཉེར་ཡོད། ཏང་དབུ་བརྙེས་ཏེ་གནམ་ས་གསར་འབྱེད་ནས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་འགྱུར་ལྡོག་བྱུང་བའི་བར་དང་། སྒྱུར་བཅོས་སྒོ་དབྱེའི་གནམ་ས་བླ་འོག་ཏུ་འགྱུར་བའི་བར་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་རྩ་བ་ནི། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཆེད་རླབས་ཆེན་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་བསྲུངས་པ་ལས་བྱུང་བ་ཞིག་རེད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཡུན་རིང་སྐུལ་འདེད་གཏོང་བར། ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་ལྟ་མཁས་པོ། ཆབ་སྲིད་ཀྱི་སྤྱི་ཡོངས་ལ་སྟངས་འཛིན་མཁས་པོ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སང་ལོ་ནས་བཟུང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གཅིག་རྗེས་གཉིས་མཐུད་ངང་གཅིག་སྡུད་སྐབས་བརྗེ་བྱེད་རྒྱུ་ཡིན་པས། རིམ་ཁག་ཏང་ཨུད་ཀྱིས་སྐབས་བརྗེའི་ལས་དོན་ལ་ཇུས་འགོད་ཡག་པོ་དང་སྒྲིག་འཛུགས་ཡག་པོ་བྱས་ཏེ་རིམ་པ་རེ་རེ་བཞིན་འགན་འཁྲི་དོན་འཁྱོལ་བྱས་ནས་སྤྱོད་བཟང་གཞུང་དྲང་འགན་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་སྐབས་བརྗེའི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བར་སྣེ་ཁྲིད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་རྩ་འཛུགས་ཀྱི་མི་དོན་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། འགོ་ཁྲིད་ལས་བྱེད་པར་བསམ་བློའི་སློབ་གསོ་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་པ་དང་འགོ་ཁྲིད་ལས་བྱེད་པས་མི་སྒེར་དང་རྩ་འཛུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་དང་བརྩི་སྲུང་ཞུ་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ལས་དོན་ཡག་པོ་སྒྲུབ་པའི་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་མང་དག་ཅིག་བཏོན་ཡོད། དེའི་ནང་ཁག་གཅིག་ཀྲུང་དབྱང་གི་ལས་དོན་དང་འབྲེལ་བ་ཡོད་པ་དང་། ཁག་གཅིག་སྡེ་ཚན་གྱི་ལས་དོན་དང་འབྲེལ་བ་ཡོད་པ། ཁག་གཅིག་ས་གནས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པས། ཚོགས་འདུ་གྲོལ་རྗེས་གང་མགྱོགས་ཞིབ་འཇུག་དང་། བྱ་ཐབས་འདོན་པ། ལས་དོན་ལེགས་བཅོས་བཅས་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས།

འདི་ནི་ཟླ་12ཚེས་24དང་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
འདི་ནི་ཟླ་12ཚེས་24དང་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

  
style="display:none;"