མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོ་དབུལ་སྒྲོལ་བྱུང་བའི་
སྐོར་གྱི་དངོས་བྲིས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་05ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོ་དབུལ་སྒྲོལ་བྱུང་བའི་སྐོར་གྱི་དངོས་བྲིས》ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
    དེབ་འདི་བརྟག་ཞིབ་སྙན་ཞུ་17དང་ལེའུ་གསུམ་ཡོད་པའི་བརྙན་འཕྲིན་ཆེད་དོན་པར་གཞིའི་བརྙན་ལམ་གྱི་རྩ་གཉིས་ཨང་རྟགས་ལས་གྲུབ་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14རུ་ཕེབས་པ་དང་། སྔ་རྗེས་སུ་ཧོ་པེ་ཧྥུའུ་ཕིང་རྫོང་ལུའོ་ཐོ་དབན་གྲོང་ཚོ་དང་ཀུའུ་ཅ་ཐའེ་གྲོང་ཚོ་སོགས་གྲོང་ཚོ་དབུལ་པོ་24ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཚ་ཚ་འུར་འུར་ངང་རྒྱག་པར་སྐུལ་འདེད་བཏང་ཡོད། བརྟག་ཞིབ་སྙན་ཞུ་དང་བརྙན་འཕྲིན་ཆེད་དོན་པར་གཞི་འདི་ནི། གྲོང་ཚོ་དབུལ་པོ་དེ་དག་ལ་བརྟག་ཞིབ་དང་བསྐྱར་ནས་བཅར་འདྲི་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་གྲུབ་པ་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གཟིགས་སྐྱོང་དང་མཛུབ་ཁྲིད་འོག་གྲོང་ཚོ་དེ་དག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་པའི་དགའ་འོས་པའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད་པ་རེད།
   《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོ་དབུལ་སྒྲོལ་བྱུང་བའི་སྐོར་གྱི་དངོས་བྲིས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སྔར་བས་སློབ་སྦྱོང་དང་གོ་བ་ལེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེའི་དོན་སྙིང་མྱོང་ཚོར་ཏན་ཏིག་བྱས་ནས། དམངས་སེམས་གཅིག་མཐུན་གྱིས་དུས་རབས་གསར་པར་སྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

  
style="display:none;"