མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས“ཏ་ཝོ་སིའི་གྲོས་རིམ”གྱི་སྐད་ཆ་ཤོད་རེས་ཚོགས་
འདུར་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་21ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གསར་གཏོད་པ་དང་ལག་བསྟར་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ཧྲེ་ཝ་པོའུ་ཡི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་1ཚེས་25ཉིན་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས“ཏ་ཝོ་སིའི་གྲོས་རིམ”གྱི་སྐད་ཆ་ཤོད་རེས་ཚོགས་འདུར་ཞུགས་རྒྱུ་དང་འབྲེལ་དམིགས་བསལ་གྱི་ཤིས་ཚིག་ཀྱང་གསུང་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

  
style="display:none;"