མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》པར་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་23ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་བཀྲམ་པ་རེད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱས་པ་ནས་འགོ་ཚུགས་ཏེ་དྲ་སྦྲེལ་ལ་སྣང་ཆེན་དང་། དྲ་སྦྲེལ་འཕེལ་རྒྱས། དྲ་སྦྲེལ་བཅོས་སྐྱོང་བཅས་བྱས་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། དམག་དོན་སོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་གནད་དོན་གལ་ཆེན་སྤྱི་འདོམས་མཐུན་སྦྱོར་བྱས་པ་མ་ཟད། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཏེ་རང་རྒྱལ་གྱི་དྲ་འཕྲིན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དྲ་རྒྱའི་བཅོས་སྒྲིག་ལམ་བུ་ཞིག་བཏོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དང་། དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་སྟེ་དུས་རབས་གསར་པའི་དྲ་འཕྲིན་བྱ་གཞག་འཕེལ་རྒྱས་ཐད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་པ་དེ་ང་ཚོས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
   《རྣམ་བཤད་གནད་བསྡུས》དེ་ཆེད་དོན་ཁག་9ལ་དབྱེ་བ་དང་། ཁྱོན་རྣམ་བཤད་དུམ་བུ་285ཡོད་པ་དང་དེ་དག་བློ་མཐུན་ཞི་ཅིན་ཕིང་གི་2013ལོའི་ཟླ་3ཚེས་4ཉིན་ནས་2020ལོའི་ཟླ་11ཚེས་23ཉིན་བར་གྱི་གསུང་བཤད་དང་། སྙན་ཞུ། གཏམ་བཤད། མཛུབ་སྟོན། མཆན་འགོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས་གལ་ཆེའི་ཚད་ལྡན་ཡིག་ཆ་བརྒྱ་ཡི་ནང་ནས་བཏུས་པ་དང་དེའི་ནང་རྣམ་བཤད་མང་ཆེ་བ་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།

  
style="display:none;"