མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་མཆན་བཀོད་
མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་25ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་1ཚེས་23ཉིན་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་བདེ་འཇགས་ཐོན་སྐྱེད་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས་ལྷོད་གཡེང་གཏན་ནས་བྱེད་མི་རུང་། 2020ལོར་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཡོད་ཀྱང་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྔར་བཞིན་ཅུང་མང་བ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེར་བརྟེན་ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་བླང་བྱ་དོན་འཁྱོལ་དང་སྤྱི་འདོམས་བྱེད་པ། ལྷུ་ཚིགས་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། གནད་སྨིན་ཁྲིམས་བསྟར་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཙོ་གནད་ལས་རིགས་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་པ། བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་གཅིག་སྡུད་འགག་སྒྲོལ་གཏིང་ཟབ་སྤེལ་བ་བཅས་ཀྱི་ཐོག་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ལྡན་ངང་སེལ་དགོས། བདེ་འཇགས་ལྟ་འདོམས་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཁེ་ལས་ཀྱི་བདེ་འཇགས་ཉེན་ཁ་རིམ་དབྱེ་དོ་དམ་ཚོད་འཛིན་དང་རང་འགུལ་སྙན་སེང་སོགས་ཀྱི་ལམ་ལུགས་བཟོ་བ། ལྟ་འདོམས་ལས་ཆོད་ཆེ་རུ་གཏོང་བ། འཕྲལ་སྡོམ་བརྡ་ལན་དང་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ། ལས་འཛོལ་ཧ་ཅང་ཚབས་ཆེན་དོགས་ཟོན་དང་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགན་ལེན་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་པ་བཅས་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་ཧོ་དང་། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཡུང་དང་ཀྲའོ་ཁེ་ཀྲི་ཚོགས་འདུར་ཞུགས་པ་རེད།
   ཚོགས་འདུའི་ཐོག་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་གཅིག་སྡུད་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ་དང་། ཉེན་ཁ་གཏིང་ཟབ་དང་ཞིབ་ཚགས་སྒོ་ནས་གྲལ་བཤེར་བྱེད་པ། གནད་དོན་གལ་ཆེན་གྱི་མངོན་མེད་རྐྱེན་ངན་རྩ་བཅོས་བྱེད་པ། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཁག་གི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། ལྟ་སྐུལ་ཞིབ་བཤེར་སྒམ་ནན་དང་ནན་ཏན་ངང་སྤེལ་བ་བཅས་བྱས་ནས་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

  
style="display:none;"