མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་
གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་26ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ( 2021ལོའི་ཟླ་1ཚེས་24ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ )
    ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2021ལོའི་ཟླ་1ཚེས་22ཉིན་ནས་24ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ནང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་133ཞུགས་པ་དང་། ཨུ་ཡོན་253ཟུར་ཞུགས་གནང་ཡོད།
    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཕེབས་ཡོད་པ་རེད།
    ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། 2020ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། 2021ལོའི་ལས་འགན་བཀོད་སྒྲིག་བྱས་པ། བློ་མཐུན་ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
    ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་གསར་པ་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པར་རྒྱས་བཤད་གཏིང་ཟབ་གནང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཐད་ནས་བལྟ་དགོས་ཤིང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གྱི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲིད་སྟོན་དང་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེན་པོར་བརྟེན་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། གསུང་བཤད་དེ་ནི་མཐོ་གཟིགས་འོག་བསྐྱངས་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་། སྔ་བར་ཕྱི་གསུམ་དུ་འགྱུར་བ་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས། དམངས་ཆེད་རང་ཉིད་བློས་གཏོང་བའི་བླ་ན་མེད་པའི་གོ་རྟོགས། ཏང་དར་རྒྱལ་སྟོབས་ཀྱི་འགན་འཁྲི་སྒྲུབ་སེམས་བཅས་མངོན་པ་དང་དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་དང་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་ཐུགས་རེ་ཟབ་མོ་བཅོལ་གནང་བ་མ་ཟད། བླང་བྱ་ཁ་གསལ་ཡང་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། དར་ཆ་གསལ་སྟོན་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པ། འགན་འཁྲི་སེམས་ནང་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2020ལོར། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་། དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དང་ལྷག་པར་དུ་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བ། འགག་སྒྲོལ་དཀའ་སེལ་དང་ཉེན་ཁ་གོ་སྐབས་སུ་སྒྱུར་བ། འབད་འབུངས་ཡར་བརྩོན་དང་གསར་འབྱེད་གསར་གཏོད་བྱས་པ། རང་ཉིད་ཀྱི་ལས་དོན་ཆད་ལུས་མེད་པར་ཡག་པོ་བསྒྲུབས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་པས། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མངོན་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ས་གནས་རིམ་ཁག་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་རྒྱུན་སྲིང་ལྷོད་མེད་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཀྱི་འགན་འཁྲི་ཆེན་པོ་འཁུར་བ། དམ་ནན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་དང་འགྱུར་མེད་བརྟན་པོ་ཡོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ་སོགས་ཀྱི་འཐབ་རྩོད་དང་ཚོད་བགམ་ཆེན་པོའི་ཁྲོད། ལྷག་བསམ་ཟོལ་མེད་ངང་རང་འགན་གཙང་སྒྲུབ་བཅས་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་དམ་པོར་དམིགས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་རྒྱུན་མཐུད་ཡོ་བསྲང་བཅོས་སྒྲིག་བྱས་པ། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་བསྐྱར་དུ་ཐོན་རྒྱུ་བཀག་འགོག་བྱས་ཡོད། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་བརྟན་པོ་སྲུང་བ་དང་། སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་ལ་དམ་འཛིན་བྱས་ཏེ། སྐོར་གཟིགས་སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། སྒྲིག་བཤེར་ལྟ་ཞིབ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཆེད་འགན་ལྟ་སྐུལ་ནུས་པ་འདོན་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་དེ་མིན་གྱི་ལྟ་སྐུལ་འབྲེལ་མཐུད་མཉམ་སྒྲུབ་ལ་སྐུལ་འདེད་བཏང་སྟེ“འགོ་ཁྲིད་ཨང་དང་པོའི”ལྟ་སྐུལ་དང་རིམ་མཚུངས་ལྟ་སྐུལ་གྱི་དཀའ་གནད་ནུས་ལྡན་ངང་བསལ་ཡོད། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་ཚད་མཐའ་འཁྱོངས་བྱས་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་གཉིས་ཀ་ཡོད་པའི་རུལ་སུངས་ཀྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། སྲིད་ཁྲིམས་སོགས་ཁྱབ་ཁོངས་ཀྱི་རུལ་རྒོལ་ལས་དོན་གཏིང་ཟབ་ཏུ་བཏང་བ།
    མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ནུས་ཤུགས་ཡོ
   ད་རྒུས་བཅོས་སྒྲིག་བྱས་པ། “ཐབས་རྣམ་བཞི”གནད་སྨིན་ངང་སྤྱད་པ། གྱོད་དོན་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། རང་ངོས་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་བ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བཅས་བྱས་ཏེ“སྒྲོན་འོག་མུན་པ”མཐའ་གཅིག་ཏུ་བསལ་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་འདས་ཟིན་པའི་ལོ་གཅིག་རིང་ལག་ལེན་ཁྲོད་གྲུབ་པའི་ངོས་འཛིན་ཕྱོགས་སྡོམ་བྱས་ཏེ་གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་གནས་པའི་གནད་དོན་གཙོ་བོར་དམ་པ་དོན་གཉེར་གྱི་སྒོ་ནས་དབྱེ་ཞིབ་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པའི་ལོ་དང་པོ་དེ་ཡིན་ལ། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོའང་ཡིན། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་ནས་ལྟ་སྐུལ་དང་། འགན་ལེན། ལག་བསྟར་བཅས་དང་སྐུལ་འདེད་དང་། འཐུས་ཚང་། འཕེལ་རྒྱས་བཅས་ཀྱི་ནུས་པ་འདོན་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ།
    སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པར་འགན་ལེན་བརྟན་པོ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་དེ་བས་མངོན་གསལ་དོད་པོ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དེ་བས་མངོན་གསལ་དོད་པོ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་དེ་བས་མངོན་གསལ་དོད་པོ། ལྟ་སྐུལ་བཅོས་སྐྱོང་གི་ཕན་འབྲས་འདོན་སྤེལ་དེ་བས་མངོན་གསལ་དོད་པོ། དོ་ནན་དང་དགའ་གཅེས་ཟུང་འབྲེལ་དང་ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་དེ་བས་མངོན་གསལ་དོད་པོ་བཅས་ཡོང་བར་བྱས་ཏེ། སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་དེ་བས་ལེགས་པའི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པ་དང་། ལྟ་སྐུལ་གྱི་མ་ལག་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་མཉམ་འདྲེས་ཡོང་བར་བྱས་ཏེ། བཅོས་སྐྱོང་གི་ཕན་ནུས་དེ་བས་ཆེ་བ་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ནུས་པ་གལ་ཆེན་འདོན་དགོས།
    གཅིག་ནས། རང་རྟོགས་ངང“སྲུང་སྐྱོང་གཉིས”ལག་ལེན་བསྟར་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་སྤྱད་ནས་དོན་དངོས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་མཐའ་ཚད་སྲུང་བ་སོགས་ཀྱི་ཐབས་ཇུས་གལ་ཆེན་ལ་དམིགས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་སྟོབས་ཤུགས་ལ་ཤུགས་སྣོན། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རང་བརྟེན་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་མཐའ་འཁྱོངས་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་པ། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ་སོགས་ཀྱི་བཀོད་སྒྲིག་བླང་བྱར་དམིགས་ཏེ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་དོན་འཁྱོལ་གནད་སྨིན་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་འདུ་ཤེས་དང་། བསམ་ཕྱོགས། ལམ་ལུགས། ལམ་སྲོལ་བཅས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་དང་འགན་ལེན་བྱེད་པའི་བྱ་ཐབས་ནུས་ལྡན་ལག་བསྟར་དང་འཚོལ་ཞིབ་གཏིང་ཟབ་བྱེད་པ། སྤྱོད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།
    གཉིས་ནས། བློ་བརྟན་འགྱུར་མེད་ངང་རུལ་རྒོལ་འཐབ་རྩོད་ཟབ་ཏུ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་གཉིས་ཀ་ཡོད་པའི་རུལ་སུངས་ཀྱི་གྱོད་གཞིར་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ་དང་། མ་དངུལ་མང་པོ་འཇོག་པ། ཐོན་ཁུངས་གཅིག་ཏུ་བསྡུས་པ་བཅས་ཀྱི་ཁྱབ་ཁོངས་དང་ལྷུ་ཚིགས་ལ་དམིགས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྣམ་གྲངས་མཆན་འགོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། ཚན་ཞིབ་དོ་དམ་སོགས་ཀྱི་རུལ་སུངས་ཀྱི་གནད་དོན་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་རྒོལ་ལས་དོན་ཟབ་ཏུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་ཀྱི་གནད་དོན་ལ་རྒྱུན་མཐུད་ཆད་པ་གཅོད་པ། སྲིད་ཁྲིམས་ཁོངས་གཏོགས་ཀྱི་རུལ་སུངས་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་དང་རྒྱལ་སྤྱིའི་མི་རྒྱུ་གཉིས་འདེད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། རྩ་ལག་མཉམ་བཅོས་ཟབ་ཏུ་བཏང་སྟེ་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
   གསུམ་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྲོལ་ངན་ལ་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་བདེན་འཚོལ་དངོས་གཉེར་དང་གཞུང་དྲང་སྤྱོད་གཙང་གི་སྲོལ་གསར་སྤྱོད་བཟང་ཟམ་མི་ཆད་པར་དར་བ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་སྐབས་གདམ་ག་བྱེད་པ་དང་། འགྱུར་ལྡོག་གཏོང་བ། ཆད་ལུས་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་ཐབས་གནད་སྨིན་བྱེད་པ་དང་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག དེ་བཞིན་བུ་ཕྲུག་གི་བཟའ་ཟླས་ཚོང་རྒྱག་པ་དང་ཁེ་ལས་གཉེར་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་གཏན་འབེབས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། གོང་ནས་འོག་ལ་མིག་དཔེ་སྟོན་པ་དང་ལག་བསྟར་ནན་པོ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དམིགས་བསལ་དབང་ཆ་ཡོད་པའི་བསམ་བློ་དང་དམིགས་བསལ་དབང་ཆ་སྤྱོད་པའི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ནང་མི་བུ་ཕྲུག་ལ་དོ་དམ་ནན་པོ་དང་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནན་དུ་གཏོང་དགོས།
   བཞི་ནས། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྲོལ་ངན་ལ་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དམངས་ཕན་དམངས་ཕྱུག་ལ་ཤུགས་སྣོན་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། “མི་འདོར་བ་བཞིའི”སྲིད་ཇུས་ཀྱི་གྲུབ་འབྲས་བརྟན་དུ་གཏོང་བའི་ལྟ་སྐུལ་ལ་ཤུགས་སྣོན་དང་། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་འགན་ལེན། སློབ་གསོ་སྨན་བཅོས་དང་། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། ཁྲིམས་སྐྱོང་ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་རྒྱུན་མཐུད་ཡོ་བསྲང་དང་བཅོས་སྒྲིག་བྱེད་པ། ནག་གཤེད་དང་འབྲེལ་བའི“རྒྱབ་རྩ”མཐའ་གཅིག་ཏུ་ཆད་གཅོད་བྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་བཅོས་སྒྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
   ལྔ་ནས། སྐོར་གཟིགས་དང་སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་ལ་སྐུལ་འདེད་བཏང་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་སྤུ་གྲི་དང་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཆབ་སྲིད་ཀྱི་སྐོར་གཟིགས་བླང་བྱ་དོན་འཁྱོལ་གནད་སྨིན་བྱས་ཏེ། སྐོར་གཟིགས་དང་སྐོར་ཞིབ་བཅོས་སྒྲིག་དང་གྲུབ་འབྲས་བཀོལ་སྤྱོད་ཟབ་ཏུ་གཏོང་བ་དང་དག་ཐེར་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་དང་ཚོད་སྐོར་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་གཟིགས་ལས་དོན་གྱི་མཛུབ་ཁྲིད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་དགོས།
   དྲུག་ནས། ལྟ་སྐུལ་སྣ་ཚོགས་སྦྲེལ་མཐུད་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ལྟ་སྐུལ་བཅོས་སྐྱོང་གི་ནུས་ཕྱོད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དང་ཧྲུའུ་ཅིས་འགན་གཙོ་བོ་འཁུར་བའི་འགན་འཁྲི་དོན་འཁྱོལ་ནན་ཏན་དང་ཏན་ཏིག་བྱེད་དགོས། རྒྱུན་གཏན་གྱི་ལྟ་སྐུལ་གཏིང་ཟབ་བྱས་ཏེ་ལྟ་སྐུལ་གཤམ་སྒྱུར་དང་། ལྟ་སྐུལ་དོན་འཁྱོལ། གནད་དོན་མ་ཐོན་གོང་ནས་ལྟ་སྐུལ་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས། “འགོ་ཁྲིད་གཙོ་བོ”དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་འདེམས་ཤོག་བསླུ་ཉོ་དང་། དཔོན་གནས་ཉོ་ཚོང་། དཔོན་གནས་རྒྱུག་སློང་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་མཐའ་འཁྱོངས་བྱས་ཏེ“ཐབས་རྣམ་བཞི”བཀོལ་སྤྱོད་གཏིང་ཟབ་བྱས་ནས། “དབྱེ་འབྱེད་གསལ་པོ་གསུམ”ཐུབ་པར་བྱེད་དགོས། འགན་འཁྲི་རྩད་གཅོད་ཀྱི་ཐབས་མཆོག་གནད་སྨིན་ཚད་ལྡན་དང་ཡག་པོ་སྤྱོད་དགོས། ཏང་ཡོན་གྱི་དབང་ཆ་འགན་ལེན་སྲོལ་ཡིག་ལག་བསྟར་ནན་པོ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས།
   བདུན་ནས། སྒྲིག་བཤེར་ལྟ་ཞིབ་ཀྱི་ལམ་སྲོལ་སྒྱུར་བཅོས་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་ནུས་ལྡན་གཏོང་དགོས། སྒྱུར་བཅོས་ཀྱི་སྣེ་ཁྲིད་དང་། ཚད་བརྒལ། གསར་འཛུགས་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལམ་སྲོལ་སྒྱུར་བཅོས་ཀྱི་ལས་འགན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་དང་། ཏང་ཡོན་དང་གཞུང་དོན་སྒྲུབ་མཁན་ལ་སྒྲིག་འགལ་དང་། ལས་ཐོག་ཁྲིམས་འགལ། ལས་ཐོག་ཉེས་གསོག་བྱས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཞིབ་གཅོད་བྱེད་པའི་མཉམ་ལས་གཞོགས་འདེགས་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
   བརྒྱད་ནས། རང་ངོས་ཀྱི་ལྟ་སྐུལ་དང་གཅུན་འདོམས་ལ་ཤུགས་སྣོན་ནན་པོ་དང་ཏན་ཏིག་བརྒྱབ་སྟེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལྷག་བསམ་རྣམ་དག སྤྱོད་གཙང་འགན་འཁུར། ཆེད་ལས་ཅན་གྱི་ནུས་པ་ཆེ་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་འཛུགས་སྐྱོང་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པར་སྣེ་ཁྲིད་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་བར་སྣེ་ཁྲིད། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། སྒྲིག་ཁྲིམས་ཀྱི་བསམ་བློ། སྒྲིག་ཁྲིམས་ཀྱི་བྱང་ཚད་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གཅུན་འདོམས་དང་ལྟ་སྐུལ་ནན་ཤོས་རང་རྟོགས་ངང་དང་ལེན་དང་། ལྟ་སྐུལ་སྒྲིག་སྐྱོང་ལས་དོན་གྱི་སྒྲིག་ལམ་དང་ལྟ་སྐུལ་ཁྲིམས་སྐྱོང་ལས་དོན་གྱི་གཏན་འབེབས་ལག་བསྟར་ནན་པོ། ནང་མི་དང་གཉེན་ཉེས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ཤུགས་རྐྱེན་ལ་བརྟེན་ནས་སྒེར་ཕན་སྒྲུབ་པའི་གནས་ཚུལ་མཐའ་གཅིག་ཏུ་གཏན་འགོག “སྒྲོན་འོག་མུན་པ”རྒྱུན་མཐུད་བཅོས་སྒྲིག་བཅས་བྱས་ཏེ། ལྕགས་ལྟ་བུའི་སྒྲིག་ཁྲིམས་སྤྱོད་ཚུལ་ལ་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་གཏོད་དགོས།
   ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་བློ་མཐུན་ཡུས་ཧུང་ཆིའུ་དང་པོ་ཁུའེ་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་བདམས་པ་རེད།
   ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ནུས་ཤུགས་ཡོད་རྒུས་བློ་སེམས་གཅིག་མཐུན་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་།
   རུལ་རྒོལ་འཐབ་རྩོད་བཅས་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

  
style="display:none;"