མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཀུའེ་ཀྲོའུ་རུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་
མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་07ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་2ཚེས་3ནས་ཚེས་5ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། འདི་ནི་ཚེས་3ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་པི་ཅེ་གྲོང་ཁྱེར་ཆན་ཤིས་རྫོང་ཤིན་རེན་མེའོ་རིགས་ཤང་ཧྭ་ཝུའུ་གྲོང་ཚོའི་རིག་གནས་ཐང་ཆེན་དུ་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ་བཅས་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླར་ལོ་གསར་གྱི་རྟེན་འབྲེལ་ཞུ་བཞིན་པ།

ཟླ་2ཚེས་3ནས་ཚེས་5ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། འདི་ནི་ཚེས་3ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་པི་ཅེ་གྲོང་ཁྱེར་ཆན་ཤིས་རྫོང་ཤིན་རེན་མེའོ་རིགས་ཤང་ཧྭ་ཝུའུ་གྲོང་ཚོའི་རིག་གནས་ཐང་ཆེན་དུ་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ་བཅས་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླར་ལོ་གསར་གྱི་རྟེན་འབྲེལ་ཞུ་བཞིན་པ།

   རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་དང་རླབས་ཆེན་མེས་རྒྱལ་དར་རྒྱས་འབྱོར་ཕྱུག་ཡོང་བའི་སྨོན་འདུན་ཞུས་པ།
   ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལྕགས་གླང་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ་བཅས་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་། ཚང་མ་གཟུགས་གཞི་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། བྱ་བ་ལམ་འགྲོ་བཅས་ཡོང་བའི་སྨོན་འདུན་ཞུས་པ་དང་། རླབས་ཆེན་མེས་རྒྱལ་གྱི་རི་ཀླུང་སྔར་བས་མཛེས་སྡུག་ལྡན་པ་དང་། དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བ། དར་རྒྱས་འབྱོར་ཕྱུག་ཡོང་བ་བཅས་ཀྱི་སྨོན་འདུན་ཞུས་པ་རེད།
   ཟླ་2ཚེས་3ནས་ཚེས་5ཉིན་བར་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་དབྱི་ཆིང་དང་ཧྲེང་ཀྲང་ལི་པིང་ཅུན་གྱི་ཕེབས་རོཌ་འོག་སྔ་རྗེས་སུ་པི་ཅེ་དང་ཀུའེ་དབྱང་སོགས་སུ་ཕེབས་ཏེ་གྲོང་གསེབ་དང་། སྡེ་ཁུལ། སྒོ་རྩིས་ཚོང་ཁང་སོགས་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་མཚོན་པར་གནང་བ་རེད།
   ཚེས་3ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་དང་ཐོག་པི་ཅེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། པི་ཅེ་ནི་དེ་སྔ་ནུབ་རྒྱུད་ཀྱི་དབུལ་ཕོངས་ས་ཁུལ་གྱི་དཔེ་མཚོན་ཞིག་རེད། དུས་རབས་གོང་མའི་ལོ་རབས་80པར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་པི་ཅེའི“གསར་སྤེལ་དབུལ་སྐྱོར་དང་སྐྱེ་ཁམས་འཛུགས་སྐྱོང”གི་ཚོད་ལྟའི་ཁུལ་བཙུགས་པ་རེད།
   ཝུའུ་ཅང་གཙང་པོ་ནི་ཀུའེ་ཀྲོའུ་ཞིང་ཆེན་གྱི་གཙང་པོ་ཆེ་ཤོས་དེ་ཡིན་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་གཡས་ངོགས་ཀྱི་ཆུ་ལག་ཆེ་ཤོས་དེའང་ཡིན། པི་ཅེ་གྲོང་ཁྱེར་ཆན་ཤིས་རྫོང་ཤིན་རེན་མེའོ་རིགས་ཤང་གི་ཝུའུ་ཅང་གཙང་པོའི་ལིའུ་ཁྲུང་ཆུ་བོའི་དུམ་བུར་ཞི་ཅིན་ཕིང་གིས་ཝུའུ་ཅང་གཙང་པོའི་རི་ཆུར་རྒྱང་གཟིགས་གནང་བ་དང་། ཝུའུ་ཅང་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྦགས་བཙོག་འགོག་བཅོས་དང་། སྐྱེ་ཁམས་སླར་གསོ་སྲུང་སྐྱོང་། ཉ་འཛིན་མི་ཆོག་པ་བཟོས་པ་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་རེད།
   ཞི་ཅིན་ཕིང་གིས་ཧྭ་ཝུའུ་གྲུ་ཁར་ཕེབས་ཏེ་གཙང་འགྲམ་དུ་ཞབས་ཐང་མར་ཝུའུ་ཅང་གཙང་པོའི་སྐྱེ་ཁམས་ཁོར་ཡུག་དང་ཆུའི་སྤུས་ཚད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ས་གནས་དེས་གཙང་པོར་བཞུར་བའི་བཙོག་འབུད་མདོ་ཁ་དོ་དམ་དང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་བྱེད་སྟངས་ལ་ཁས་ལེན་གནང་བ་རེད།
   དེ་རྗེས་ཞི་ཅིན་ཕིང་གིས་ཧྭ་ཝུའུ་གྲོང་ཚོར་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། ཧྭ་ཝུའུ་གྲོང་ཚོ་ནི་དེ་སྔ་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན་པ་དང་ཉེ་བའི་ལོ་ཤས་རིང་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཡུལ་སྐོར་ལས་རིགས་བཅས་འཕེལ་རྒྱས་བཏང་བ་བརྒྱུད་མི་འབོར་དབུལ་པོ་གཅིག་ཀྱང་ལྷག་མེད།
   མེའོ་རིགས་གྲོང་མི་ཀྲའོ་ཡུས་ཞུའེ་ཡི་ཁྱིམ་དུ་ཞི་ཅིན་ཕིང་གིས་འཚོ་སྡོད་ཁོར་ཡུག་ལ་གཟིགས་ཞིབ་གནང་སྟེ། ཀྲའོ་ཡུས་ཞུའེ་ཡི་ནང་མི་དང་ལྷན་དུ་ཡུལ་དེའི་སྲོལ་རྒྱུན་དུས་ཆེན་གྱི་ཞིམ་ཟས་བཟོས་གནང་བ་དང་འབྲེལ་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། ཀྲའོ་ཡུས་ཞུའེ་ཡིས་དེ་སྔ་ཆུ་དང་། ལམ། གློག་བཅས་ཤར་གཏོང་མ་ཐུབ་པའི་མཱ་ཨོ་གྲོང་སྡེར་སྡོད་ཀྱི་ཡོད། ད་ཆ་ཐོག་སོ་ཉིས་ལྡན་གྱི་ཁང་པར་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་ཆུ་དང་། གློག ལམ་བཅས་ཚང་མ་ཁྱིམ་དུ་ཤར་གཏོང་ཐུབ་ཡོད་ཅེས་སྤྱི་ཁྱབ་ཧྲུའུ་ཅིར་དེ་ལྟར་ཞུས།
    ཧྭ་ཝུའུ་གྲོང་ཚོ་ནི་མེའོ་རིགས་གཙོ་བོར་བྱས་པ་དང་དེ་ནི་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་ལྟ་བུ་ཡིན། ཞི་ཅིན་ཕིང་གིས་དབུལ་སྐྱོར་འཁོར་ཁང་དུ་ཕེབས་ནས་མེའོ་རིགས་ཀྱི་ཁྱད་ལྡན་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་ཐུན་མོང་ལ་དབང་བ་ཡིན་ཞེས་མཛུབ་སྟོན་གནང་ཡོད།
    གྲོང་ཚོའི་རིག་གནས་ཐང་ཆེན་དུ་གྲོང་མི་ཚོས་དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་བྱེད་སྒོ་སྤེལ་བཞིན་ཡོད་ཅིང་། ཁོང་ཚོས་རྔ་རྡུང་བ་དང་། ལུའུ་ཧྲེང་གླིང་བུ་གཏོང་བ། གླུ་ལེན་གར་འཁྲབ་བཅས་བྱས་ཏེ་མེའོ་རིགས་ཀྱི་སྙན་འཇེབས་ལྡན་པའི་མགྲོན་བསུའི་གླུ་དབྱངས་བླངས་པ་རེད།
    ཚེས་4ཉིན་ཞི་ཅིན་ཕིང་གིས་ཀུའེ་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཞིང་། ཁོང་གིས་དང་ཐོག་ཀོན་ཧྲེན་ཧུའུ་ཆུས་ཀྱི་མཉམ་ཤུགས་དམངས་ཕན་བཟའ་བཅའ་སོས་པའི་སྒོ་རྩིས་ཚོང་ཁང་དུ་ཕེབས་ནས། དཔྱིད་གསར་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་དང་། ལོ་གསར་མཁོ་ཆས་མཁོ་ཚོང་། ཟོག་གོང་དང་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་ཟོག་གོང་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་། ས་གནས་དེ་གའི་ཤ་ཚལ་སྒོང་གསུམ་དང་། འབྲུ་རིགས། ཤིང་འབྲས་སོགས་མཁོ་སྤྲོད་འགན་ལེན་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།
    ཀོན་ཧྲེན་ཧུའུ་ཆུས་ཅིན་དབྱང་ཁྲོམ་གཞུང་ཅིན་ཡོན་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་ཏང་འཛུགས་སྐྱོང་གི་དྲ་རྒྱ་དང་། དུས་བདེའི་དྲ་རྒྱ། དམངས་ཕན་དྲ་རྒྱ་བཅས“དྲ་རྒྱ་གསུམ་མཉམ་འདྲེས”ཁྱབ་གདལ་ཧུར་ཐག་བཏང་སྟེ་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ཡོད། ཞི་ཅིན་ཕིང་གིས་ཅིན་ཡོན་སྡེ་ཁུལ་དུ་ཕེབས་ནས་དམངས་ཕན་ཞབས་འདེགས་ཞུ་ཚུལ་དང་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚུལ་སོགས་ལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས་གཞི་རིམ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པ་དང་། གཞི་རིམ་དུས་བདེ་བྱུང་ན་གནམ་འོག་དུས་བདེ་ཡོང་བས། རྨང་གཞིའི་རང་བཞིན་གྱི་ལས་དོན་ཡིན་པའི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་མིག་སྔར་རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་ཆེད་ས་ཆ་དེ་རང་དུ་ལོ་གསར་གཏོང་རྒྱུ་དར་སྤེལ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ས་ཆ་དེ་རང་དུ་ལོ་གསར་གཏོང་མཁན་གྱི་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཚོར་དམིགས་བསལ་དང་དྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    སྡེ་ཁུལ་གྱི་ཐང་ཆེན་དུ་གྲོང་མི་ཚོས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་ཡང་ཡང་གནང་ནས་གུས་ལན་ཞུས་པ་མ་ཟད། ཚང་མ་ལོ་གསར་པའི་ནང་བྱ་བ་ཐམས་ཅད་ལམ་ལྷོངས་དང་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཡང་ཞུས་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནི་ཧ་ཅང་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་སྟེ། དཀའ་ཉེན་འཕྲད་པ་དང་འབད་འབུངས་ཡར་བརྩོན་བྱས་ཡོད་ལ། གྲུབ་འབྲས་དང་རྒྱལ་ཁ་དེ་བས་ཐོབ་པས་མི་ཚང་མར་མྱོང་ཚོར་ཟབ་མོ་བྱུང་ལ། མི་ཚང་མ་རླབས་ཆེན་ཡིན་ཞེས་ནན་བཤད་གནང་བ་རེད།
    ཀུའེ་ཀྲོའུ་ཞིང་ཆེན་དུ་གནས་པའི་ཁ་ཞེང་ལ་སྨི་500ཡོད་པའི་ཟླུམ་ངོས་འཕྲོ་གློག་རྒྱང་ཤེལ་ནི་མིག་སྔར་འཛམ་གླིང་ཐོག་ཁ་ཞེང་རྐྱང་པའི་འཕྲོ་གློག་རྒྱང་ཤེལ་ཆེ་ཤོས་ཡིན་པ་དེར“ཀྲུང་གོའི་གནམ་མིག”ཅེས་བརྗོད་ཀྱི་ཡོད། ཚེས་5ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས“ཀྲུང་གོའི་གནམ་མིག”རྣམ་གྲངས་ཀྱི་འགན་ཁུར་བ་དང་ཚན་ཞིབ་རྐང་འཛིན་པ་ཚོར་བྱམས་བརྩེའི་ངང་འཇལ་འཕྲད་གནང་བ་དང“ཀྲུང་གོའི་གནམ་མིག”འཛུགས་སྐྲུན་གྱི་བརྒྱུད་རིམ་དང་། ལག་རྩལ་གསར་གཏོད། རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད།
   ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད“ཀྲུང་གོའི་གནམ་མིག”གི་གནས་ཚུལ་དངོས་ལ་གཟིགས་ཞིབ་གནང་བ་དང་སྦྲགས་སྤྱིའི་ཚོད་འཛིན་ཁང་གི་ཚན་རྩལ་ལས་དོན་པའི་འཐུས་མི་དང་བརྙན་ལམ་འབྲེལ་མཐུད་ཀྱིས་ཁོང་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོར་ལོ་གསར་གྱི་མཚམས་འདྲི་ཞུས་གནང་ཞིང་། ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཚན་རྩལ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་འགག་རྩ་དང་རྐང་འཛིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཚེས་5ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ཀུའེ་ཀྲོའུ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
    ཞི་ཅིན་ཕིང་གིས་གསར་གཏོད་དང་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་པར་དམིགས་ནས་གྲངས་གཞི་ཆེ་མོ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་བྱས་ཏེ་བབ་བསྟུན་ངང་ལྟ་ཞིབ་ཚད་ལེན་བྱས་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པ། ཡོང་འབབ་ཀྱི་འགྱུར་ལྡོག་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”སྲ་བརྟན་དུ་གཏོང་བའི་གནས་ཚུལ་ལ་རྗེས་སྙེག་བཅས་བྱས་ཏེ། དུས་བཀག་ལྟར་ཞིབ་བསྡུར་དང་བབ་བསྟུན་ངང་མེད་པར་བཟོ་དགོས་ལུགས་བསྟན་གནང་བ་རེད།
   ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུའེ་ཀྲོའུ་ཡི་འཕེལ་རྒྱས་ཀྱི་ལེགས་ཆ་དང་འགྲན་རྩོད་ཀྱི་ལེགས་ཆ་ཆེ་ཤོས་དེ་རེད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་སྟོན་ཕྱོགས་བརྟན་པོ་བཙུགས་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་འཆར་འགོད་བྱེད་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བྱེ་ཐང་ཅན་དང་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་བྱ་གཞག་ཆེན་པོ་ཟམ་མི་ཆད་པར་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གལ་ཆེན་ཞིག་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བྱས་ཏེ་ས་ཁུལ་དབར་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག ཡོང་འབབ་ཀྱི་ཧེ་བག་སོགས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་བྱས་ནས་མང་ཚོགས་ཚོས་འགྱུར་ལྡོག་མཐོང་ཐུབ་པ་དང་ཁོང་ཚོར་ཕན་པ་དངོས་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་དེ་སྔོན་རྒྱང་སྐྱོད་བྱེད་སྐབས་དམར་དམག་ཚོས་ཀུའེ་ཀྲོའུ་རུ་ལས་དོན་སྒྲུབ་ཡུན་དང་སྒྲུབ་ཁྱོན་ཆེ་ཤོས་ཡིན་པས། ང་ཚོར་རྩ་ཆེའི་བསམ་པའི་རྒྱུ་ནོར་བཞག་ཡོད་ཅེས་ནན་བཤད་གནང་བ་རེད།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་དང་རླབས་ཆེན་མེས་རྒྱལ་དར་རྒྱས་འབྱོར་ཕྱུག་ཡོང་བའི་སྨོན་འདུན་ཞུས་པ།

ཟླ་2ཚེས་3ནས་ཚེས་5ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། འདི་ནི་ཚེས་4ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཀུའེ་དབྱང་གྲོང་ཁྱེར་ཀོན་ཧྲན་ཧུའུ་ཆུས་མཉམ་ཤུགས་དམངས་ཕན་བཟའ་བཅའ་སོས་པའི་སྒོ་རྩིས་ཚོང་ཁང་དུ་ལོ་གསར་གྱི་མཁོ་ཆས་ཉོ་མཁན་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཟླ་2ཚེས་3ནས་ཚེས་5ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། འདི་ནི་ཚེས་4ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཀུའེ་དབྱང་གྲོང་ཁྱེར་ཀོན་ཧྲན་ཧུའུ་ཆུས་མཉམ་ཤུགས་དམངས་ཕན་བཟའ་བཅའ་སོས་པའི་སྒོ་རྩིས་ཚོང་ཁང་དུ་ལོ་གསར་གྱི་མཁོ་ཆས་ཉོ་མཁན་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

  
style="display:none;"