མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་མཁའ་དམག་མཁའ་སྐྱོད་དཔུང་སྡེའི་ཧྲི་ཤོག་ཅིག་ལ་
གཟིགས་ཞིབ་གནང་བར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་08ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཞི་ཅིན་ཕིང་གིས་ཐང་ཚིགས་སྨན་ཁང་དུ་ཕེབས་ཏེ་དཔུང་སྡེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་དང་དེ་བཞིན་ས་གནས་ཀྱི་རིམས་ནད་སྔོན་འགོག་ལ་རོགས་སྐྱོར་བྱས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

འདི་ནི་ཞི་ཅིན་ཕིང་གིས་ཐང་ཚིགས་སྨན་ཁང་དུ་ཕེབས་ཏེ་དཔུང་སྡེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་དང་དེ་བཞིན་ས་གནས་ཀྱི་རིམས་ནད་སྔོན་འགོག་ལ་རོགས་སྐྱོར་བྱས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དཔུང་སྡེའི་ཞི་དཔོན་ལས་འགན་འཁུར་མཁན་མི་སྣ། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ།
   ■ མིག་སྔར་ཕྱི་རྒྱལ་དུ་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ལ་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡང་སྔར་བཞིན་ལྗིད་རྫོབ་ཆེན་པོ་ཡོད། ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་ཕར་འགྲོ་ཚུར་འོང་བྱེད་མཁན་དང་འདུ་འཛོམས་བྱེད་མཁན་མང་དུ་འགྲོ་བ་ལས་རིམས་ནད་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་རེད། དེས་ན་དཔུང་སྡེའི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་ས་གནས་ཀྱིས་རིམས་ནད་ལ་འགོག་རྒོལ་གྱི་གྲ་སྒྲིག་བྱེད་པར་རོགས་སྐྱོར་ཡག་པོ་བྱས་ཏེ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
    ■ འདི་ལོ་ནི་རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་ཡིན་པས། འདི་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འགོ་འཛུགས་ས་གསར་པའི་ཐོག་དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས།
   ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་ཀྱི་ཚེས་4ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཁའ་དམག་མཁའ་སྐྱོད་དཔུང་སྡེའི་ཧྲི་ཤོག་ཅིག་ལ་གཟིགས་ཞིབ་གནང་བ་དང་དཔུང་སྡེའི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དཔུང་སྡེའི་ཞི་དཔོན་ལས་འགན་འཁུར་མཁན་མི་སྣ། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
    དཔྱིད་ཚུགས་དུས་སུ་ཀུའེ་ཀྲོའུ་ཡི་ས་གཞི་ཆེན་པོའི་སྟེང་རི་བོ་སྔོ་ཞིང་ཆུ་མོ་དྭངས། སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡོལ་ཙམ་ལ། ཞི་ཅིན་ཕིང་མཁའ་དམག་མཁའ་སྐྱོད་དཔུང་སྡེའི་ཧྲི་ཤོག་ཅིག་ཏུ་ཕེབས་ཤིང་། དང་ཐོག་ཐང་ཚིགས་སྨན་ཁང་དུ་ཕེབས་ནས་དཔུང་སྡེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་དང་དེ་བཞིན་ས་གནས་ཀྱི་རིམས་ནད་སྔོན་འགོག་ལ་རོགས་སྐྱོར་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རང་རེའི་དམག་གིས་ཏང་གི་བཀོད་འདོམས་དང་ལེན་དང་བཀའ་རྒྱ་བཏང་མ་ཐག་བྱ་སྤྱོད་སྤེལ་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ་ལེགས་སྐྱེས་མངོན་གསལ་དོད་པོའང་ཕུལ་ཡོད། མིག་སྔར་ཕྱི་རྒྱལ་དུ་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ལ་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡང་སྔར་བཞིན་ལྗིད་རྫོབ་ཆེན་པོ་ཡོད། ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་ཕར་འགྲོ་ཚུར་འོང་བྱེད་མཁན་དང་འདུ་འཛོམས་བྱེད་མཁན་མང་དུ་འགྲོ་བ་ལས་རིམས་ནད་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་རེད། དེས་ན་དཔུང་སྡེའི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་ས་གནས་ཀྱིས་རིམས་ནད་ལ་འགོག་རྒོལ་གྱི་གྲ་སྒྲིག་བྱེད་པར་རོགས་སྐྱོར་ཡག་པོ་བྱས་ཏེ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཞེས་བསྟན་གནང་བ་རེད།
    ཕྱི་རོལ་གྱི་གནམ་གྲུ་འཇོག་སར་ཞི་ཅིན་ཕིང་གིས་ཧྲི་ཤོག་གི་གཞི་རྩའི་གནས་ཚུལ་དང་གོ་མཚོན་གཙོ་བོའི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་ཞིང་། དམིགས་བསལ་ཅན་གྱི་གནམ་གྲུ་ཞིག་ནི་མཁའ་དབྱིངས་ཆ་འཕྲིན་དམག་འཐབ་ཀྱི་གོ་མཚོན་གཙོ་བོ་ཞིག་རེད། ཞི་ཅིན་ཕིང་གིས་གནམ་གྲུར་འཛེགས་གནང་སྟེ་ལས་འགན་སྒྲུབ་ཁང་དུ་ཕེབས་ནས་ལས་འགན་གོ་རིམ་ལ་གཟིགས་པ་མ་ཟད། ད་དུང་དམིགས་བསལ་ཅན་གྱི་གནམ་གྲུའི་ལས་ཀའི་བརྒྱུད་རིམ་དང་ལས་འགན་ལག་བསྟར་བྱས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་དེང་རབས་དམག་འཁྲུག་ཁྲོད་གཡུལ་སའི་ཆ་འཕྲིན་སྟངས་འཛིན་གྱི་གཙོ་ཁྲིད་དབང་ཆ་དེ་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་འགག་རྩ་ཞིག་རེད། སྔོན་ཐོན་གོ་མཚོན་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། ཆེད་ལས་ཤེས་ལྡན་མི་སྣ་མགྱོགས་མྱུར་གསོ་སྐྱོང་བྱེད་པ། དམིགས་སའི་རང་བཞིན་ལྡན་པའི་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དམག་འཐབ་ནུས་པ་གསར་པ་མགྱོགས་མྱུར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་དཔོན་དམག་གི་སློབ་སྦྱོང་དང་འཚོ་བར་ཐུགས་ཁུར་ཟབ་མོ་གནང་ཞིང་། འཕུར་སྐྱོད་རུ་ཆེན་ཞིག་གི་མཁའ་ཐོག་ཞབས་ཞུའི་ཐོག་ཁང་དུ་འབྲེལ་ཡོད་གནས་ཚུལ་ལ་ཆེད་མངགས་གཟིགས་ཞིབ་གནང་བར་ཕེབས་པ་རེད། འཕུར་སྐྱོད་གྲ་སྒྲིག་ཁང་དུ་རུ་ཆེན་གྱིས་འཕུར་སྐྱོད་པ་གསར་པ་སྒྲིག་འཛུགས་བྱས་ནས་འཕུར་སྐྱོད་ལག་རྩལ་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པ་མཐོང་སྐབས་ཚང་མ་སེམས་འགུལ་ཆེན་པོ་ཐེབས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ནས་འཚམས་འདྲི་ཞུས་པ་མ་ཟད། སྦྱོང་བརྡར་གྱི་གནས་ཚུལ་སྙན་སེང་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས་དམག་དཔུང་གི་ངོས་ནས་བརྗོད་ན་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག མཁའ་དམག་དཔུང་སྡེའི་དོན་དངོས་དང་ཟུང་འབྲེལ་གྱིས་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱུན་ཆད་མེད་པར་སྦྱོང་བརྡར་གྱི་ཆུ་ཚད་མཐོ་རུ་དང་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
    དེ་རྗེས་ཞི་ཅིན་ཕིང་མཁའ་ཐོག་ཞབས་ཞུའི་ཐོག་ཁང་གི་བར་ཁྱམས་སུ་ཕེབས་ནས་དཔྱིད་གསར་དུས་ཆེན་གོང་གི་འབྲེལ་ཡོད་རིག་གནས་ལུས་རྩལ་བྱེད་སྒོ་དང་སྒྲིག་ཆས་གྲ་སྒྲིག་བྱས་ཚུལ་ལ་གཟིགས་པ་དང་དཔུང་སྡེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་དང་དུས་ཆེན་གྱི་འཚོ་བ་བཀོད་སྒྲིག་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད། དཔུང་སྡེས་བརྙན་ལམ་ཐུང་ངུ་བརྒྱུད་གཡུལ་སའི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་དང་། དཔྱིད་གསར་ཆ་ཡིག་སྐྱེལ་རྒྱུ། སྤོ་ལོའི་རིགས་ཀྱི་འགྲན་བསྡུར་བྱ་རྒྱུ་སོགས་རྣམ་པ་སྣ་ཚོགས་ཀྱི་སྤྲོ་སྣང་ལྡན་པའི་བྱེད་སྒོ་གྲ་སྒྲིག་བྱས་པ་མཁྱེན་སྐབས། ཞི་ཅིན་ཕིང་གིས་བྱེད་སྒོ་དེ་དག་ལ་དམག་དཔུང་གི་ཉམས་འགྱུར་དང་ཁྱད་ཆོས་ལྡན་འདུག་ཅེས་བསྔགས་བརྗོད་གནང་བ་དང་སྦྲགས། རིམ་པ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་དུས་ཆེན་གྱི་འབྲེལ་ཡོད་བྱེད་སྒོ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། དཔོན་དམག་ཚོ་དཔུང་སྡེར་ལོ་གསར་སྐྱིད་པོ་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་ཞེས་བཀའ་མངགས་ཀྱང་གནང་བ་རེད།
    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་ཧྲི་ཤོག་ཡོངས་ཀྱི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་ཆབས་ཅིག་ཚང་མ་དང་མཉམ་ཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཞི་ཅིན་ཕིང་གིས་འདི་ལོ་ནི་རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་ཡིན་པས། འདི་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འགོ་འཛུགས་ས་གསར་པའི་ཐོག་དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
   མཇུག་ཏུ་ཞི་ཅིན་ཕིང་གིས་ད་དུང་དཔྱིད་གསར་དུས་ཆེན་རིང་དམག་ཡོངས་ཀྱི་དཔུང་སྡེས་དམག་གྲབས་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྐྱིད་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དཔོན་དམག་གི་དུས་ཆེན་རིང་གི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་ཚང་མར་བཀྲ་ཤིས་འཆམ་མཐུན་དང་དགའ་སྐྱིད་བདེ་འཇགས་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
   ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

འདི་ནི་ཞི་ཅིན་ཕིང་གིས་ཐང་ཚིགས་སྨན་ཁང་དུ་ཕེབས་ཏེ་དཔུང་སྡེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་དང་དེ་བཞིན་ས་གནས་ཀྱི་རིམས་ནད་སྔོན་འགོག་ལ་རོགས་སྐྱོར་བྱས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
འདི་ནི་ཞི་ཅིན་ཕིང་གིས་ཐང་ཚིགས་སྨན་ཁང་དུ་ཕེབས་ཏེ་དཔུང་སྡེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་དང་དེ་བཞིན་ས་གནས་ཀྱི་རིམས་ནད་སྔོན་འགོག་ལ་རོགས་སྐྱོར་བྱས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

  
style="display:none;"