མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་21ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   《སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་ཀྱི་ལྟ་སྐུལ་ དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས《སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་གནང་བ་དང་2021ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
   སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་བྱ་རྒྱུ་དེ་རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཐེབས་རྩའི་བདེ་འཇགས་འགན་ལེན་བྱ་ཆེད། 《སྲོལ་ཡིག》ངེས་པར་དུ་བཟོ་དགོས་ངེས་ཡིན་ཏེ།
   གཅིག་ནས་སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་གྱི་རྩ་དོན་ཁ་གསལ་བཟོ་དགོས་ཤིང་། 《སྲོལ་ཡིག》ནང“ཐེབས་རྩའི་བདེ་འཇགས་འགན་ལེན་དང་། ཐེབས་རྩ་བེད་སྤྱོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད། སྤྱི་དམངས་ཀྱི་སྨན་བཅོས་འགན་ལེན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང”བཅས་གཞི་རྩའི་དམིགས་ཡུལ་དུ་བྱས་ནས་སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལས་དོན་དེ་མི་དམངས་ཀྱི་བདེ་ཐང་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་དང་ཁྲིམས་མཐུན་དང་། བདེ་འཇགས། ཡོངས་བསྒྲགས། དམངས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྨན་བཅོས་འགན་ལེན་གྱི་སྤྱི་པའི་དོ་དམ་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཚོར་དེ་བས་སྟབས་བདེ་ལ་ནུས་ཆེའི་སྨན་བཅོས་འགན་ལེན་ཞབས་ཞུ་དང་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་པ་དང་།
   གཉིས་ནས་ཐེབས་རྩ་བེད་སྤྱོད་ཀྱི་འབྲེལ་ཡོད་བྱེད་པོའི་འགན་འཁྲི་ཤུགས་ཆེར་གཏོང་དགོས་ཤིང་། 《སྲོལ་ཡིག》ནང་སྨན་བཅོས་འགན་ལེན་གཉེར་མཁན་སྒྲིག་གཞི་དང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་བྱ་སྤྱོད་བཅས་ཚད་ལྡན་བཟོས་ཏེ་འབྲེལ་ཡོད་བྱེད་པོ་ཁག་གི་འགན་འཁྲི་ཁ་གསལ་བཟོ་བ།
   གསུམ་ནས་ཆ་ལག་ཚང་བའི་ཐེབས་རྩ་བེད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས་ཤིང་། 《སྲོལ་ཡིག》ནང་སྲིད་འཛིན་ལྟ་འདོམས་དང་། གསར་འགྱུར་སྨྱན་སྦྱོར་གླེང་ཕྱོགས་ཀྱི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ། ལས་རིགས་ཀྱི་རང་གཅུན་བཅས་ཟུང་འབྲེལ་གྱི་ལྟ་སྐུལ་སྒྲིག་སྲོལ་འཛུགས་པ་དང་། སྨན་བཅོས་འགན་ལེན་དང་། འཕྲོད་བསྟེན་བདེ་ཐང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས། ཁྲོམ་ར་ལྟ་སྐུལ་དོ་དམ། ནོར་སྲིད། རྩིས་བཤེར། སྤྱི་བདེ་སོགས་སྡེ་ཚན་གྱིས་ཐུན་མོང་ཐོག་ཤུགས་འདོན་བྱེད་པའི་མཉམ་འབྲེལ་ལྟ་འདོམས་ལམ་སྲོལ་འཛུགས་པ། སྨན་བཅོས་འགན་ལེན་གྱི་མ་ལག་ནང་སྲིད་འཛིན་ལྟ་འདོམས་གཙོ་བོར་བྱེད་པ་དང་མཐུན་སྦྱོར་དོ་དམ་མཉམ་དུ་བྱེད་པའི་ལྟ་འདོམས་ལམ་སྲོལ་འཛུགས་པ་བཅས་བྱེད་པ།
   བཞི་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས་ཤིང་། 《སྲོལ་ཡིག》ནང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་དང་། དངུལ་ཆད་བཅད་པ། ཆོག་འཐུས་ལག་ཁྱེར་རྩིས་མེད་བཟོ་བ། ལས་གཉེར་ཚོད་འཛིན། སྨན་བཅོས་ཞབས་ཞུ་གནས་སྐབས་མཚམས་འཇོག ཞབས་ཞུའི་གྲོས་མཐུན་རྩིས་མེད་གཏོང་བ། སྨན་བཅོས་འགྲོ་གྲོན་དྲ་སྦྲེལ་རྩིས་ཞུ་གནས་སྐབས་མཚམས་འཇོག་སོགས་ལྟ་འདོམས་བྱེད་ཐབས་མང་དག་ཅིག་ཕྱོགས་བསྡུས་ཐོག་སྤྱད་དེ་སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་ཁྲོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་མཁན་སྨན་བཅོས་འགན་ལེན་སོགས་སྲིད་འཛིན་སྡེ་ཚན་གྱི་ལས་དོན་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་པ་བཅས་བྱེད་དགོས།

  
style="display:none;"