མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག ཏང་གི་ལོ་རྒྱུས་སྦྱོང་བ་དང་། 
དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་
ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་22ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 ཟླ་2ཚེས་20ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

 ཟླ་2ཚེས་20ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

   ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་པ་དང་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཡིད་ཆེས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་པ་བཅས་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པ་དང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཧུར་ཐག་གཏོད་དགོས་པ་དང་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱེད་པ་མ་ཟད། ད་དུང་ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་དང་རླབས་ཆེན་གྱི་གྲུབ་འབྲས་དྲངས་ནས་དཔའ་སེམས་འཕེལ་བ་བྱེད་པ་དང་ཁ་ཕྱོགས་གསལ་སྟོན་བྱེད་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་གི་སྤྱོད་ཚུལ་ཐོག་ནས་དད་སེམས་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་གི་ལག་ལེན་གསར་གཏོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་བློ་སྒོ་འབྱེད་པ་དང་གཤིས་རྒྱུད་ཞུན་བརྡར་གཏོང་བ་བཅས་ལའང་སྣང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བླང་བྱ་རབ་དང་རིམ་པ་བཏོན་ཡོད། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་མཚམས་ཚིགས་དེར་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཅིག་སྡུད་ཐོག་སྤེལ་བ་ནི་ཧ་ཅང་དུས་ལ་བབས་པ་ཞིག་ཡིན་ལ། དགོས་པ་ཤིན་ཏུ་ཆེ་བ་ཞིག་ཀྱང་ཡིན།
    ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་གི་ལོ་བརྒྱ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པའི་ལོ་བརྒྱ་དང་། དཀའ་ངལ་ཁྱད་བསད་ཀྱིས་རྨང་གཞི་འདིང་བ་དང་བྱ་གཞག་གཏོད་པའི་ལོ་བརྒྱ། འོད་སྟོང་དང་འབྱུང་འགྱུར་བཏོད་པའི་ལོ་བརྒྱ་བཅས་ཡིན། འདས་ཟིན་པའི་འབད་འཐབ་ཀྱི་ལམ་བུར་ཕྱིར་ལྟ་དང་མདུན་ཕྱོགས་ཀྱི་འབད་འབུངས་ལམ་བུར་རྒྱང་ལྟ་བྱེད་པར། ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་སྡོམ་ཡག་པོ་བྱས་ཏེ་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་དང་། དད་མོས་དང་དད་སེམས་བརྟན་དུ་གཏོང་བ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད། ཏང་ཀྲུང་དབྱང་གིས《ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ལས་དོན་དེར་བཀོད་སྒྲིག་བྱས་ཡོད་པས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཤིག་ཡིན་ལ། རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པའི་ལོ་རྒྱུས་ཤིག་ཀྱང་ཡིན། ལོ་བརྒྱའི་རིང་། རང་རེའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་། གཞི་རྩ་གསོ་འཕེལ་དང་དྲང་སྲུང་གསར་གཏོད་ཕན་ཚུན་གཅིག་གྱུར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གནས་ཚད་གསར་པ་རྒྱུན་ཆད་མེད་པར་བཏོད་པ་ལས། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཐོན་པ་མ་ཟད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའང་ཐོན་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད། དེས་ན་ཏང་ཡོངས་ལ་ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཁྲོད་ནས་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་བྱས་ནས་ཀྲུང་གོ་དང་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་བཏང་མིན་ལ་གོ་བ་ལོན་པར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཤེས་རྟོགས་ཐུབ་པར་བྱེད་པ། ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ཀྱི་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ལ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འཕེལ་རིམ་དང་ཟུང་འབྲེལ་གྱིས་དུས་རབས་གསར་པའི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། ལོ་བརྒྱའི་རིང་གི་འབད་འཐབ་ཁྲོད་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པར་བརྟེན་ནས་ལོ་རྒྱུས་ཀྱི་དུས་བབ་ཆེན་པོར་དབྱེ་ཞིབ་དང་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་དང་ལོ་རྒྱུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་མཁས་པོ་དང་བེད་སྤྱོད་ཡག་པོ་བྱས་ཡོད། དེས་ན་ཏང་ཡོངས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བློ་ལ་བཅངས་ཏེ་ལོ་རྒྱུས་ཆེན་པོའི་ལྟ་བ་འཛུགས་པའི་ཁར། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་། དུས་རབས་ཀྱི་རླབས་རྒྱུན་ཆེན་པོ། གོ་ལ་ཧྲིལ་པོའི་འཕོ་འགྱུར་བཅས་ཀྱི་ཁྲོད་ནས་རིམ་འགྱུར་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ལོ་རྒྱུས་ཀྱི་ཆོས་ཉིད་རྩད་ཞིབ་བྱས་ནས་ཁ་གཏད་གཅོག་པའི་འཐབ་ཇུས་འདོན་དགོས་པ་དང་། ལས་ཀའི་མ་ལག་རང་བཞིན་དང་། སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་རྒྱུའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ལེགས་པར་བསྒྲུབས་པའི་ལོ་རྒྱུས་ཤིག་དང་། ཏང་གིས་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་བྱས་པའི་ལོ་རྒྱུས་ཤིག་ཡིན། ལོ་རྒྱུས་ལས་ར་སྤྲོད་གསལ་པོ་བྱུང་བར། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན། དམངས་ཀྱི་བློ་ཁ་ཕྱོགས་མིན་དེ་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། མི་དམངས་ཀྱི་ཡིད་ཆེས་དང་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ན། ཏང་གིས་དཀའ་ངལ་གང་ཞིག་ཡིན་རུང་ཚང་མ་ཁྱད་བསད་ཐུབ་པ་དང་རྒྱལ་ཁ་ཡང་ནས་ཡང་དུ་ལེན་ཐུབ། དེས་ན་ཏང་ཡོངས་ལ་ཏང་གི་ངོ་བོ་དང་དམིགས་ཡུལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ཚང་མ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་གང་བྱེད་ཚང་མ་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་འབད་འཐབ་དམིགས་ཚད་དུ་བརྩི་བ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ལ་དེ་བས་མང་པོ་དང་དེ་བས་དྲང་གཞག་ངང་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས་དངོས་ཡོད་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱས་ནས། ཀྲུང་གོ་མི་དམངས་དུང་ཕྱུར་14གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་རྒྱུའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་ནི་གོམ་པ་རེ་རེ་བཞིན་སྤོས་ནས་ཡོང་བ་ཞིག་ཡིན། དེ་ལས་གལ་ཆེ་བ་ཞིག་ནི་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་འཇོན་ཐང་ཆེ་རུ་བཏང་སྟེ། ཉེན་ཁར་ཁ་གཏད་གཅོག་པ་དང་། འགྲན་སློང་བསུ་བ། ཉེན་ཁ་ཉེན་མེད་དུ་བསྒྱུར་བ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དེ་རེད། དེས་ན་མདུན་སྐྱོད་ལམ་བུའི་ཐོག་གི་ཚོད་དཔག་ཐུབ་པ་དང་ཚོད་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་དེ་བས་ཡག་པོ་གཅོག་པར། ངེས་པར་དུ་ལོ་རྒྱུས་ཁྲོད་ནས་བློ་སྒོ་འབྱེད་ཐུབ་པ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་དགྲ་བཏུལ་གཡུལ་རྒྱལ་གྱི་ཐབས་མཆོག་ལེན་དགོས། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་མཚམས་ཚིགས་གལ་ཆེན་ལ་དམ་འཛིན་ཏན་ཏིག་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ནས་འགོ་འཛུགས་པ་དང་། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ཉེན་ཁ་དང་འགྲན་སློང་ལ་གྲུབ་འབྲས་ཐོབ་པའི་ངང་ཁ་གཏད་གཅོག་པའི་ཏང་གི་ཕུན་སུམ་ཚོགས་པའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱེད་པ། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལ་དུས་ཡུན་ཅུང་རིང་པོར་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་པ། རྒྱུན་ཆད་མེད་པར་འཐབ་རྩོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་སྲིད་སྐྱོང་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་དགོས།
   ཞི་ཅིན་ཕིང་གིས་གསུངས་དོན། ལོ་བརྒྱའི་སྤྱིར་བཏང་མིན་པའི་འབད་འཐབ་ཀྱི་བརྒྱུད་རིམ་ཁྲོད། ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོས་ཞུམ་མེད་སྟོབས་བརྩོན་དང་འབད་འཐབ་ལྷོད་མེད་བྱས་པས་འཆི་སྲོག་ལ་མི་འཛེམས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་མང་པོ་དང་། འབད་འབུངས་སྟོབས་བརྩོན་གྱི་དཔའ་བོ་མང་པོ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་སྔོན་ཐོན་མིག་དཔེ་མང་པོ་ཐོན་ཏེ། རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་གྲུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་ཅིག་ཆགས་ནས་ང་ཚོས་ཏང་འཛུགས་པ་དང་། ཏང་དར་རྒྱས་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་ལ་ས་རྒྱུ་གཤིན་པོ་མཁོ་འདོན་བྱས་ཡོད། དེས་ན་ཏང་ཡོངས་ལ་ནུས་ཤུགས་ཡོད་རྒུས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱ་རྒྱུ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྩ་བ་མུ་མཐུད་འཛིན་རྒྱུ། གསར་བརྗེ་བའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱ་རྒྱུ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་དུས་རབས་གསར་པར་ཞུམ་མེད་ངང་མདུན་སྐྱོད་ཀྱི་ནུས་ཤུགས་དང་སེམས་ཤུགས་འཕེལ་བ་བྱ་རྒྱུ་བཅས་ཀྱི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་འགན་ལེན་བྱེད་པ་ནི་ཏང་གི་ཚེ་སྲོག་ཡིན་ལ། རང་རེའི་ཏང་འདི་ཉིད་ལོ་བརྒྱའི་ཏང་ཆེན་པོར་གྱུར་པ་དང་དུས་རབས་ཀྱི་རླབས་ཆེན་བྱ་གཞག་བཏོད་པའི་འགག་རྩ་ཞིག་ཀྱང་ཡིན། དེས་ན་ཏང་ཡོངས་ལ་ཏང་གི་ལོ་རྒྱུས་ཁྲོད་ནས་དྲང་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་དང་ལེན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་བལྟོས། ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་འགུལ་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་ཏང་གི་གོང་འོག་ཀུན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། བློ་ཁ་གཅིག་ཏུ་ཕྱོགས་པ། ཤུགས་གཅིག་ཏུ་རྒྱག་པ་བཅས་བྱ་རྒྱུའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས།
   ཞི་ཅིན་ཕིང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། བསམ་བློའི་ཚུགས་གནས་མཐོ་རུ་གཏོང་བ་དང་། དོན་དངོས་ལ་གཞི་ཚུགས་པ། དྲང་སྲུང་གསར་གཏོད་བཅས་བྱས་ནས་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་ངང་སློབ་སྦྱོང་དང་སློབ་གསོའི་ལས་འགན་ཁག་ལེགས་པར་སྒྲུབ་དགོས་ཞེས་བསྟན་གནང་བ་རེད།

  
style="display:none;"