མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་གྱི་ཞིབ་འཇུག་དང་
ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཟླ་བའི་གོ་ལའི་མ་དཔེ་
དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་24ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་2ཚེས་22ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མི་དང་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

ཟླ་2ཚེས་22ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མི་དང་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

   བློ་གཤོགས་ཆེན་པོས་ཚན་རྩལ་གྱི་ཡང་རྩེར་འཛེགས་པ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་མིའི་རིགས་ཀྱིས་བར་སྣང་ཁམས་ཞི་བདེའི་ངང་བེད་སྤྱོད་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ།
   ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་བྱེད་སྒོར་ཞུགས་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མིར་མཇལ་འཕྲད་གནང་བ་དང་། ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་མ་ཟད། ཟླ་དཔྱད་འདུ་འགོད་དང་ལྷག་པར་དུ་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ལེགས་གྲུབ་བྱུང་ནས་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་ཀྱང་གནང་ཞིང་། ཁོང་གིས་ཟླ་དཔྱད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྒྱལ་ཡོངས་ཤུགས་སྒྲིལ་སྒྲིག་སྲོལ་དཔེ་གསར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། བློ་གཤོགས་ཆེན་པོས་ཚན་རྩལ་གྱི་ཡང་རྩེར་འཛེགས་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གོམ་པ་རེ་ལ་རྐང་རྗེས་རེ་བཞག་ནས་སྐར་ཚོགས་ལ་བརྟག་ཞིབ་ཐིག་ལེན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་འཛུགས་པ། ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མིའི་རིགས་ཀྱིས་བར་སྣང་ཁམས་ཞི་བདེའི་ངང་བེད་སྤྱོད་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་བྱེད་སྒོར་ཞུགས་པ་རེད།
   མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་རར་ཕེབས་ཏེ། ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མིར་ཕྱག་གཡུག་གཡུག་གིས་འཚམས་འདྲི་གནང་བར་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། ཞི་ཅིན་ཕིང་གིས་སུན་ཅ་ཏུང་དང་ལོན་ཨེན་ཅེ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
   དེ་རྗེས་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཕེབས་ཏེ། ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་མ་ཟད། འབྲེལ་ཡོད་ཟླ་བའི་གོ་ལའི་མ་དཔེ་དང་། ལས་གྲྭ་འཛུགས་སྐྲུན། ལག་རྩལ་གཞན་སྒྱུར། ཚན་རིག་གྲུབ་འབྲས། རྒྱལ་སྤྱིའི་མཉམ་ལས། རྗེས་མཐུད་འཕེལ་རྒྱས་སོགས་སྐོར་གྱི་ངོ་སྤྲོད་ཀྱང་གསན་པ་རེད། ཞི་ཅིན་ཕིང་གིས་ཡང་ཡང་ཕེབས་མཚམས་བཞག་སྟེ་གཟིགས་པ་དང་སྦྲགས། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
   ཞི་ཅིན་ཕིང་གིས་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ཟླ་དཔྱད་འདུ་འགོད་ཀྱི“ཟླ་སྐོར་དང་། ཟླ་བབས། ཕྱིར་ལོག”བཅས་གོམ་སྟབས་གསུམ་གྱི་འཆར་འགོད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་མཚོན་ཞིང་། དེ་ནི་རྒྱལ་ཡོངས་ཤུགས་སྒྲིལ་སྒྲིག་སྲོལ་དཔེ་གསར་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། འགག་སྒྲོལ་དཀའ་སེལ་བྱས་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་དང་མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་དེར་གལ་འགངས་ཧ་ཅང་ཆེ་བའི་དོན་སྙིང་ལྡན་ཡོད། ལོ་17རིང་། ཟླ་དཔྱད་འདུ་འགོད་ཞིབ་བཟོ་འཛུགས་སྐྲུན་ནང་ཞུགས་མཁན་གྱི་ལས་དོན་པ་ཡོངས་ཀྱིས་ཕུགས་བསམ་དོན་གཉེར་དང་། འཚོལ་ཞིབ་བྱེད་ཕོད་པ། མཐུན་སྦྱོར་འགག་སྒྲོལ། མཉམ་ལས་གཉིས་ཁེ་བཅས་བྱེད་པའི་ཟླ་དཔྱད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱུན་ཆད་མེད་པར་ཚན་རྩལ་གྱི་ཡང་རྩེ་གསར་པར་འཛེགས་པ་དེ་ནི་དགའ་འོས་པ་དང་རྟེན་འབྲེལ་ཞུ་འོས་པ་ཞིག་རེད། འཇིག་རྟེན་ཁམས་ལ་འཚོལ་ཞིབ་བྱེད་པ་དེ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པས་ཟླ་དཔྱད་འདུ་འགོད་ཀྱི་དུས་རིམ་བཞི་པ་ལག་བསྟར་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གོམ་པ་རེ་ལ་རྐང་རྗེས་རེ་བཞག་ནས་སྐར་ཚོགས་ལ་བརྟག་ཞིབ་ཐིག་ལེན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་འཛུགས་དགོས། རྒྱལ་ཡོངས་ཤུགས་སྒྲིལ་སྒྲིག་སྲོལ་དཔེ་གསར་གྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་རང་བདག་གསར་གཏོད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་བྱེད་པ། ཡང་འབད་བསྐྱར་འབད་བྱེད་པ། ཀྲུང་གོའི་མཁའ་སྐྱོད་ཀྱི་བར་མཐོངས་ཚན་རིག་དང་། བར་མཐོངས་ལག་རྩལ། བར་མཐོངས་བཀོལ་སྤྱོད་བཅས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྤེལ་བ་བཅས་བྱས་ནས་མིའི་རིགས་ཀྱི་བདེ་སྐྱིད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
   ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཀྲང་ཡེའུ་ཞ། ཁྲེན་ཤིས། ཧོང་ཁུན་མིང་། ཝང་ཡུང་། ཤའོ་ཅེ་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།
   ཟླ་དཔྱད་འདུ་འགོད་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་འབྲེལ་གཏུག་པ་དང་། འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ལས་འགན་འགན་སྲུང་སྡེ་ཚན་གྱི་འཐུས་མི་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
   ཟླ་དཔྱད་འདུ་འགོད་ལག་བསྟར་བྱེད་པ་དེ་ནི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ་གནང་བའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་རེད། འདུ་འགོད་དེའི་རྣམ་གྲངས་ལས་འགོ་ཚུགས་པ་ནས་ད་བར་དུ་འཚོལ་ཞིབ་ཐིག་ལེན་གྱི་ལས་འགན་ཁག་དྲུག་ལེགས་སྒྲུབ་བྱས་ཡོད། ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ནི་རང་རྒྱལ་གྱི་རྙོག་འཛིང་ཆེ་ཤོས་དང་ལག་རྩལ་གྱི་ཁྱབ་ཁོངས་བརྒལ་ཚད་ཆེ་ཤོས་ཀྱི་མཁའ་སྐྱོད་ཀྱི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པའི་ཆ་ནས་2020ལོའི་ཟླ་12ཚེས་17ཉིན་རང་རྒྱལ་གྱིས་གོ་ལ་གཞན་གྱི་ཐོག་ནས་མ་དཔེ་བསྡུ་རུབ་བྱས་ནས་ཚུར་ལོག་བྱས་པ་མ་ཟད། འབྱུང་འགྱུར་རང་རྒྱལ་གྱིས་ཟླ་བའི་གོ་ལ་དང་རྒྱུ་སྐར་འཚོལ་ཞིབ་བྱ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་ཡང་བཏིང་ཡོད་པ་རེད།

ཟླ་2ཚེས་22ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།
ཟླ་2ཚེས་22ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་མི་སྣའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཟླ་བའི་གོ་ལའི་མ་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།

  
style="display:none;"