མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་དམངས་ཚོགས་ལ་བརྙན་ལམ་ཐོག་ནས་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་23ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་20ཉིན་ཀྲུང་གོས་ཁོ་ལོམ་པི་ཡར་མཁོ་སྤྲོད་བྱས་པའི་རིམས་འགོག་སྨན་ཁབ་ཁག་གསུམ་པ་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོར་འབྱོར་བ་རེད། འདི་ནི་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེར་གྱི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་དམངས་ཚོགས་ལ་བརྙན་ལམ་ཐོག་ནས་གསུང་བཤད་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་20ཉིན་ཀྲུང་གོས་ཁོ་ལོམ་པི་ཡར་མཁོ་སྤྲོད་བྱས་པའི་རིམས་འགོག་སྨན་ཁབ་ཁག་གསུམ་པ་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོར་འབྱོར་བ་རེད། འདི་ནི་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེར་གྱི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་དམངས་ཚོགས་ལ་བརྙན་ལམ་ཐོག་ནས་གསུང་བཤད་གནང་བ།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་20ཉིན་ཀྲུང་གོས་ཁོ་ལོམ་པི་ཡར་མཁོ་སྤྲོད་བྱས་པའི་རིམས་འགོག་སྨན་ཁབ་ཁག་གསུམ་པ་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོར་འབྱོར་བ་རེད། ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེར་གྱི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་དམངས་ཚོགས་ལ་བརྙན་ལམ་ཐོག་ནས་གསུང་བཤད་གནང་བ་རེད།
   ཞི་ཅིན་ཕིང་གིས། “བློ་ཁ་མཐུན་ན་རི་དང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང”མུ་མཐའ་མེད་པའི་ཞི་བདེ་རྒྱ་མཚོ་ཆེན་པོས་ཀྲུང་ཁོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་བརྩེ་བ་ག་ལ་འགོག་ཐུབ། ཕྱི་འབྲེལ་བཙུགས་ནས་ལོ་41རིང་ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་འདི་ཉིད་ཁོ་ལོམ་པི་ཡ་ཕྱོགས་ཀྱི་གོ་ལ་ཧྲིལ་པོའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་གཉིས་པར་གྱུར་པ་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ཁོ་ལོམ་པི་ཡའི་ཁྱབ་ཁོངས་ཁག་གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། ཕྱོགས་གཉིས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་བཀྲག་མདངས་འཚེར་ས་གང་ལེགས་མངོན་པ་དང་ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་ཟབ་མོ་ཡོད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་རོགས་རེས་དང་འགག་སྒྲོལ་དཀའ་སེལ་བྱས་ནས་རིམས་འགོག་མཉམ་ལས་ཧུར་ཐག་བྱས་ཡོད། མི་རིང་བའི་གོང་ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཉོས་པའི་ཀྲུང་གོའི་རིམས་འགོག་སྨན་ཁབ་ཁག་གཉིས་དབོར་ཟིན་པ་རེད། དེ་རིང་རིམས་འགོག་སྨན་ཁབ་ཁག་གསུམ་པ་འབྱོར་གྲབས་ཡོད། དེས་ཁོ་ལོམ་པི་ཡའི་རྒྱལ་ཡོངས་སུ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་འཆར་གཞིར་རམ་འདེགས་ཐུབ་རྒྱུ་རེད། ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་ནས་རིམས་འགོག་སོགས་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
   དེ་ཉིན་ཕྱི་ཕྱོགས་སུ་རྟོག་ཞིབ་གནང་བཞིན་པའི་ཙུང་ཐུང་ཏུའུ་ཁེར་གྱིས་ཆེད་མངགས་དམིགས་བསལ་མཛད་སྒོ་འཚོགས་ནས་རྒྱལ་ཡོངས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་བསྟན་པ་དང་། ཏུའུ་ཁེར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ཀྱིས་ཁོ་ལོམ་པི་ཡའི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཏེ་ཁོ་ལོམ་པི་ཡའི་རིམས་འགོག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ནི་ཁོ་ལོམ་པི་ཡའི་ཆབ་སྲིད་ཕྱོགས་གཏོགས་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་རེད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"