མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཅིན་ཀྲེན་ཨེན་ཕན་ཚུན་ལ་ངག་འཕྲིན་བསྐུར། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་23ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གིས་བཀའ་མངགས་ལྟར། ཟླ་3ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་སུང་ཐའོ་ཡིས་པེ་ཅིང་དུ་གདན་ཞུས་ལྟར་ཀྲུང་གོར་བཅའ་སྡོད་ཁྲའོ་ཞན་གཞུང་ཚབ་པ་ལི་ལུང་ནན་ལ་ཐུག་འཕྲད་བྱས་པ་རེད། 
    ལི་ལུང་ནན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེན་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བསྐུར་བའི་ངག་འཕྲིན་བརྒྱུད་ཞུ་བྱས་ཏེ། ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་བརྒྱད་པའི་གནས་ཚུལ་ཕྱོགས་ཡོངས་ནས་གསལ་བཤད་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག གོ་ལ་ཧྲིལ་བོའི་སྤྱི་པའི་འཕྲོད་བསྟེན་ཉེན་ཁ་ལ་བདེ་བླག་ངང་འགོག་རྒོལ་བྱས་པ་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དབུལ་ཕོངས་གཙང་སེལ་བྱེད་པའི་འཐབ་འཛིང་ཁྲོད་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པར་ཚད་མཐོན་པོས་གདེང་འཇོག་བྱས། 
    ཅིན་ཀྲེན་ཨེན་གྱིས། ཁྲའོ་ཀྲུང་འབྲེལ་བ་དེ་འཛམ་གླིང་ཀུན་གྱིས་ཡིད་སྨོན་བྱེད་པའི་འབྲེལ་བ་ཞིག་ཏུ་འགྱུར་བར་འཇུག་དགོས་ཤིང་། མཛའ་འབྲེལ་དང་མཐུན་སྒྲིལ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་རང་དང་དེ་བཞིན་ཁྲའོ་ཞན་ཏང་དང་མི་དམངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཡིན། ཁྲའོ་ཞན་ཕྱོགས་ལ། དུས་རབས་ཀྱི་བླང་བྱ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཕུགས་འདུན། མོས་པ། རྩ་བའི་ཁེ་ཕན་བཅས་ལ་གཞིགས་ནས་ཁྲའོ་ཀྲུང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཡིད་ཆེས་བརྟན་པོ་ཡོད་པ་བསྟན། 
    སུང་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེན་ཨེན་ལ་བསྐུར་བའི་ངག་འཕྲིན་བརྒྱུད་ཞུ་བྱས་པ་སྟེ། ཞི་ཅིན་ཕིང་གིས་སླར་ཡང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་བརྒྱད་པ་འཚོགས་པ་ལ་རྟེན་འབྲེལ་ཞུ་བ་དང་འབྲེལ། ཀྲུང་ཁྲའོ་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀའི་མི་དམངས་བཅས་ཀྱི་ཐུན་མོང་གི་གཅེས་ནོར་རེད། གནས་བབ་གསར་པའི་འོག ང་ཚོས་ཁྲའོ་ཞན་བློ་མཐུན་དང་ལག་གདང་སྦྲེལ་ནས་ཀྲུང་ཁྲའོ་འབྲེལ་བ་སྲུང་སྐྱོང་དང་། སྲ་བརྟན། འཕེལ་རྒྱས་བཅས་ཡག་པོ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་སྟེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད་པ་བསྟན།  
    ཞི་ཅིན་ཕིང་གིས། མིག་སྔར་ལོ་བརྒྱ་ཡི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་གནས་ཚུལ་གྱི་ཤུགས་རྐྱེན་གཉིས་བརྩེགས་འོག རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་འབྲེལ་ཡོད་ཕྱོགས་བཅས་དང་མཉམ་དུ། ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཀྱི་ཐད་ནས་ཐག་གཅོད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཕྱེད་གླིང་གི་ཞི་བདེ་བརྟན་འཇགས་སྲུང་སྐྱོང་བྱས་ནས། ས་ཁུལ་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་གསར་པ་ཧུར་ཐག་གིས་འབུལ་རྒྱུ་ཡིན་པ་ནན་གྱིས་བསྟན། 

  
style="display:none;"