མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་མཱ་ཀུ་ཕུའུ་ལི་སྐུ་གཤེགས་པར་ཐན་ཙན་ནི་ཡའི་ཙུང་ཐུང་གསར་པ་
ཧ་སང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་25ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་མཱ་ཀུ་ཕུའུ་ལི་སྐུ་གཤེགས་པར་ཐན་ཙན་ནི་ཡའི་ཙུང་ཐུང་གསར་པ་ཧ་སང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ཞིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་པ་དང་ཁོང་རང་ཉིད་ཀྱི་མིང་ཐོག་ནས་མྱ་ངན་ཟབ་མོ་ཞུས་པ་མ་ཟད། ཐན་ཙན་ནི་ཡ་སྲིད་གཞུང་དང་། མི་དམངས། དེ་བཞིན་ཙུང་ཐུང་མཱ་ཀུ་ཕུའུ་ལིའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།
   ཞི་ཅིན་ཕིང་གིས། ཙུང་ཐུང་མཱ་ཀུ་ཕུའུ་ལི་ནི་ཐན་ཙན་ནི་ཡའི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ་ཞིག་ཡིན་པ་དང་། སྐུ་འཚོ་བཞུགས་སྐབས་ཀྲུང་ཐན་དང་། ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁོང་སྐུ་གཤེགས་པ་ནི་ཐན་ཙན་ནི་ཡའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་རེད་ལ། ཀྲུང་གོ་མི་དམངས་ལའང་གྲོགས་པོ་ཡག་པོ་ཞིག་མེད་པར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོར་མཐོང་ཆེན་བྱས་ནས། ཐན་ཙན་ནི་ཡ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།

  
style="display:none;"