མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་26ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཚོགས་འདུའི་ཐོག་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཞིབ་སྤེལ་གྲོན་དངུལ་ཁ་སྣོན་འཕྲི་འཐེན་གྱི་བསྡུར་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ སྲིད་ཇུས་ལག་བསྟར་དང་། ཁེ་ལས་ཀྱི་གསར་གཏོད་ལ་ལྕག་སྐུལ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཅས་ལ་བཀོད་སྒྲིག་བྱས་པ་དང་། ཕྲན་ ཚེགས་ཁེ་ལས་ཀྱི་དངུལ་བུན་འགྱངས་འཇལ་དང་མ་སྐྱེད་འཇལ་སྤྲོད་ཀྱི་ཀུན་ཕན་སྲིད་ཇུས་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་འཆར་གཞི་ འདི་ལོའི་ལོ་མཇུག་བར་སྔར་བས་ནར་འགྱངས་བྱེད་རྒྱུའི་ཐག་བཅད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་ བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་བ་རེད།   
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཞིབ་སྤེལ་གྲོན་དངུལ་ཁ་སྣོན་འཕྲི་འཐེན་གྱི་བསྡུར་ཚད་མཐོ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་དང་། ཁེ་ལས་ཀྱི་གསར་གཏོད་ལ་ལྕག་སྐུལ། ཐོན་ལས་རིམ་སྤོར་སྐུལ་འདེད་བཅས་ལ་བཀོད་སྒྲིག་བྱས་པ། ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་འགྱངས་འཇལ་དང་མ་སྐྱེད་འཇལ་སྤྲོད་ཀྱི་ཀུན་ཕན་སྲིད་ཇུས་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་འཆར་གཞི་འདི་ལོའི་ལོ་མཇུག་བར་སྔར་བས་ནར་འགྱངས་བྱེད་རྒྱུའི་ཐད་བཅད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་བ་རེད།
   ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། ཁེ་ལས་ཀྱི་གསར་གཏོད་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲོམ་ར་ཅན་དང་དྲང་སྙོམས་ཀུན་ཕན་གྱི་སྐུལ་འདེད་སྲིད་ཇུས་དེ་བས་མང་བ་སྤྱོད་པ། ཁེ་ལས་དང་སྤྱི་ཚོགས་ཡོངས་ཀྱི་ཞིབ་སྤེལ་གྱི་གཏོང་ཆ་མང་དུ་གཏོང་རྒྱུར་ཡར་སྐུལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཅས་བྱེད་དགོས། ཉེ་བའི་ལོ་ཤས་རིང་ཞིབ་སྤེལ་གྲོན་དངུལ་གྱི་ཁ་སྣོན་འཕྲི་འཐེན་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ཁེ་ལས་ཀྱི་གསར་གཏོད་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི་ཁེ་ལས་ཀྱི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་བྱ་ཆེད། ཚོགས་འདུའི་ཐོག་གཏན་འབེབས་བྱས་པ་སྟེ། གཅིག་ནས་འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཞིབ་སྤེལ་གྲོན་དངུལ་ཁ་སྣོན་འཕྲི་འཐེན་གྱི་བསྡུར་ཚད་75%ནས་100%བར་མཐོ་རུ་གཏོང་རྒྱུ་དང་། དེ་ནི་ཁེ་ལས་ཀྱིས་ཞིབ་སྤེལ་ལ་མ་དངུལ་སྒོར་ཁྲི་100བཏང་ཚེ་འཇལ་དགོས་པའི་ཁྲལ་ནས་སྒོར་ཁྲི་200གཅོག་གི་ཡོད། གཉིས་ནས་ཞིབ་སྤེལ་གྲོན་དངུལ་ཁ་སྣོན་འཕྲི་འཐེན་གཙང་འཇལ་གྱི་ཞིབ་རྩིས་རྒྱག་སྟངས་ལ་སྒྱུར་བཅོས་གཏོང་རྒྱུ་ཡིན་ཞིང་། ཁེ་ལས་ཀྱིས་ཁ་སྣོན་འཕྲི་འཐེན་གྱི་གཟིགས་སྐྱོང་ལོ་ཕྱེད་རེར་ལོངས་སྤྱོད་བྱེད་རྒྱུ་རང་དགར་འདེམས་ཆོག་པ་དང་། ལོ་སྟོད་ཀྱི་ཞིབ་སྤེལ་གྲོན་དངུལ་དེ་ཕྱི་ལོའི་ཐོབ་ཁྲལ་རྩིས་རྒྱག་གཙང་འཇལ་བྱེད་སྐབས་འཕྲི་འཐེན་བྱེད་པ་ནས་ལོ་དེ་གའི་ཟླ་བཅུ་པར་སྔོན་འཇལ་ཞུ་སྐབས་འཕྲི་འཐེན་བྱེད་པར་བསྒྱུར་རྒྱུ་ཡིན་པས་ཁེ་ལས་ལ་སྔ་ཙམ་ཕན་པ་ཐོབ་རྒྱུ་རེད།
   ན་ནིང་ནས་བཟུང་ལག་ལེན་བསྟར་བའི་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཀའི་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་གཉིས་ཀྱི་སྐོར་ལ། ཚོགས་འདུའི་ཐོག་དུས་འགོར་ཐད་ཀའི་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་གཉིས་འདི་ལོའི་དུས་ཚིགས་དང་པོ་བར་ནར་འགྱངས་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ལག་བསྟར་དུས་བཀག་འདི་ལོའི་ལོ་མཇུག་བར་སྔར་བས་ནར་འགྱངས་བྱས་ཏེ། ཕྲན་ཚེགས་ཁེ་ལས་ལ་སླར་ཡང་རོགས་སྐྱོར་བྱས་ནས། ལས་ཞུགས་བརྟན་དུ་གཏོང་བའི་ཁྲོད་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས་པའི་ཐག་བཅད་པ་རེད།
   ཚོགས་འདུའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་བ་དང་། ཐོན་སློབ་མཉམ་འདྲེས་དང་། སློབ་ཁེ་མཉམ་ལས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ལས་རིགས་སློབ་གྲྭ་གཉེར་རྒྱུར་རྒྱབ་སྐྱོར། ལས་རིགས་སློབ་གསོར་སྐུལ་འདེད་གཏོང་བ་དང་སྤྱིར་བཏང་སློབ་གསོའི་ལས་རིགས་ཀྱི་གྲུབ་འབྲས་ཕན་ཚུན་ཁས་ལེན་སོགས་ཀྱི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་འཆར་ཟིན་འདི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད།
   ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  
style="display:none;"