མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དང་ཁ་མེ་རོང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་50འཁོར་བར། ཞི་ཅིན་ཕིང་དང་ཁ་མེ་རོང་
གི་ཙུང་ཐུང་པི་ཡའི་དབར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་28ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་མེ་རོང་གི་ཙུང་ཐུང་པི་ཡ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་རིང་། ཀྲུང་གོ་དང་ཁ་མེ་རོང་རྒྱལ་ཁབ་གཉིས་པོས་སྐྱིད་སྡུག་མཉམ་མྱོང་དང་སྲོལ་རྒྱུན་མཛའ་གྲོགས་ཡུན་རིང་མཐའ་འཁྱོངས་བྱས་ཤིང་། ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་རྗེས། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཕྱར་བ་གྲུ་འདེགས་དང་། ལྟ་རེས་སྐྱོང་རེས། ཕན་ཚུན་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབར་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླའི་བརྩེ་དུང་མངོན་ཡོད་ཅེས་བསྟན་ཡོད
   ཞི་ཅིན་ཕིང་གིས་ངས་ཀྲུང་གོ་དང་ཁ་མེ་རོང་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཙུང་ཐུང་པི་ཡ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཤུགས་སྣོན། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་སྔར་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   པི་ཡས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུལ་འདེད་འོག་ཁ་མེ་རོང་དང་ཀྲུང་གོའི་དབར་ཕན་ཚུན་གཉིས་ཕན་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བར་ཕན་འབྲས་ཆེན་པོ་ཐོན་ནས་མུ་མཐུད་བརྟན་དུ་འགྲོ་བཞིན་ཡོད། ཀྲུང་གོའི་འགོ་ཁྲིད་གཟིགས་རྒྱང་རིང་བ་དང་། ཀྲུང་གོའི་མི་དམངས་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བས། ཀྲུང་གོ་རྒྱལ་སྤྱིའི་གར་སྟེགས་ཐོག་གི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། དེ་བས་མི་སེམས་འགུལ་དགོས་པ་ཞིག་ལ། ཀྲུང་གོས་ལྷོ་ལྷོ་མཉམ་ལས་ལ་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་བྱས་ཏེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེར་བརྟེན་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བའི་མཚམས་སུ། ཁ་མེ་རོང་དང་ཀྲུང་གོའི་དབར་གྱི་མཉམ་ལས་སྔར་བས་དམ་ཟབ་དང་མདུན་ལམ་སྔར་ལས་ཡངས་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པའི་རེ་བ་ཡོད་ཅེས་འཁོད་ཡོད་པ་རེད།

  
style="display:none;"